བཀའ་གདམས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:08:21     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་རང་གིས་ཉམས་སུ་བླང་བྱའི་གདམས་ངག་ཏུ་ཁས་ལེན་པ། བྱུང་དང་པོའི་ལྕགས་འབྲུག(༡༠༤༠)ལོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་ལོ་ངོ་བཅུ་བདུན་རིང་མངའ་རིས་དང་། ལྷ་ས་སྙེ་ཐང་། འཕན་པོ་བཅས་སུ་ནང་བསྟན་ཆོས་ལུགས་དར་སྤེལ་གནང་ཞིང་། རབ་བྱུང་དང་པོའི་མེ་བྱ(༡༠༥༧)ལོར་འབྲོམ་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་ཕྱག་བཏབ་ནས་གནས་གཞི་བཟུང་སྟེ། ཇོ་བོ་རྗེའི་དགོངས་པ་དང་མཐུན་པའི་ལྟ་སྤྱོད་གཙང་མར་འཛིན་པའི་སློབ་མ་འགའ་ཞིག་བསྐྱངས་པ་དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་བཀའ་གདམས་པ་ཟེར། རྗེས་སུ་དུས་རབས་བཅོ་ལྔ་པའི་འགོར་རྗེ་ཙོང་ཁ་པ་ཆེན་པོས་སྔར་ཡོད་བོད་ཀྱི་ནང་བསྟན་སྲོལ་བཟང་ཉམས་པ་རྣམས་དག་ཐེར་དང་། ཅུང་ཟད་གནས་པ་རྣམས་གོང་འཕེལ་དུ་གཏོང་བར་མཛད་པ་དང་ཆབས་ཅིགམདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་གནས་གཞི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་ནས། བཀའ་གདམས་གསར་མའམ་དགེ་ལུགས་པའི་གྲུབ་མཐའ་དར་སྤེལ་བྱུང་ཞིང་བཀའ་གདམས་ཀྱི་སྡེ་དགོན་རྣམས་དགེ་ལུགས་སུ་གཅིག་འདྲེས་བྱུང་བ་ཡིན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།