དགེ་ལུགས་པའི་སྲུང་མ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:04:33     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

སྐྱེས་བུ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྲུང་མ་སྟེ། སྤྱན་རས་གཟིགས་སྲུང་མའི་རྣམ་པར་སྟོན་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེས་བུ་འབྲིང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ་སྟེ། གསང་བདག་ཕྱག་ན་རྡོ་རྗེ་སྲུང་མའི་རྣམ་པར་སྟོན་པ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྐྱེས་བུ་ཆུང་ངུའི་དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ། སྐྱབས་འགྲོ་ལས་འབྲས་སོགས་དང༌། ཟབ་མོ་དབུ་མའི་ལྟ་བའི་སྲུང་མ་སྟེ། རྗེ་བཙུན་འཇམ་དཔལ་དབྱངས་སྲུང་མའི་རྣམ་པར་སྟོན་པ་དམ་ཅན་ཆོས་ཀྱི་རྒྱལ་པོའོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།