བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གྲྭའི་ཤ་འཆམ་སེང་འཆམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-19 09:59:14     རྩོམ་པ་པོ།   扎西平台    ཀློག་ཐེངས།  

བླ་བྲང་བཀྲ་ཤིས་འཁྱིལ་གྱི་བདུན་པའི་ཤྭ་འཆམ་སེང་འཆམ་ནི་ལོ་རྒྱུས་རིང་ཞིང་ཆོས་ཀྱི་ནང་དོན་གནད་འདུས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་སྟེ། རྗེ་ཙོང་ཁ་བ་ཆེན་མོའི་དངོས་སློབ་འཇམ་དབྱངས་ཆོས་རྗེས་གསར་གཏོད་མཛད་ཅིང་། ཧོར་ཟླ་༧པའི་ཚེས༨ཉིན་བྱས་པ་ནི་གནས་ཆུང་ཆོས་སྐྱོང་དང་དམ་ཅན་ཆོས་རྒྱལ་གཉིས་ལ་རྗེས་དྲན་བྱེད་པའི་ཆེད་ཡིན། དགོན་པ་འདིར་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་བོའི་སྐབས་དར་ལ།  དེའི་ནང་དོན་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་གཉི་ཤང་འགུར་རྟར་ཁྱི་ར་རས་པ་མགོན་པོ་རྡོ་རྗེ་དང་མཇལ་བའི་སྐོར་ཡིན་ལ། དེའི་ནང་གཙོ་བོ་མི་ལ་རིན་པོ་ཆེའི་མདུན་དུ་ཤ་བ་ནག་པོ་སྤུའི་ཉག་མ་རེའི་རྩ་བ་ལ་རྔུལ་ཆུའི་ཐིགས་པ་ཁྲོམ་ཁྲོམ་དུ་འབབ་པའི་འཇིགས་སྣང་དང་བཅས་བྲོས་ཡོང་བ་ལ། ཁོང་གི་ཐུགས་ལ་སྙིང་རྗེ་གཟོད་གླགས་མེད་པ་འཁྲུངས་ཏེ་ཐེག་པ་ཆེན་པོའི་ཆོས་བཤད་ནས་དུས་གཏན་གྱི་བདེ་བ་ལ་འགོད་དགོས་པར་དགོངས་ཏེ་ཆོས་གསུངས་པས་ཤ་བ་ཆོས་འོག་ལ་བཀུག དེའི་རྗེས་ཁྱི་མོ་དམར་མོ་དེད། དེའི་རྗེས་སུའང་མི་སྡིག་ཅན་མིག་རྩ་དམར་ལེག་གེ་སྲིན་པོའི་གདོང་བ་ཅན་དབུགས་ཁར་འཚངས་པ་རྔུལ་ནག་འབབ་པ་ཞེ་སྡང་ཁོང་ཁྲོས་གནམ་ས་རལ་བ་ཞིག་འོང་སྟེ་འཇིགས་སྐྲག་བསླངས་པ་ལ། གོང་ལྟར་ཆོས་གསུངས་པས་ཐམས་ཅད་སེམས་བཏུལ་ཏེ་ཆོས་ལ་ཕྱོགས་པ་དང་། མི་དེར་དབང་དང་གདམས་ངག་མཐའ་དག་རྫོགས་པར་གནང་བས་ཉམས་རྟོགས་མཐར་ཕྱིན་པ་བྱུང་སྟེ་རྗེ་མི་ལ་རས་པའི་ཐུགས་ཀྱི་སྲས་པོ་གྱུར་ཏོ། །ཕྱི་སྒྱུ་ལུས་བྲོས་པས་ག་ལ་ཐར། །འབྲོ་ན་ནང་གི་སེམས་ཉིད་བྲོས། །སེམས་ཉིད་བྱང་ཆུབ་གནས་སུ་བྲོས། །གཞན་བྲོས་པས་ཐར་འདོད་འཁྲུལ་བ་ཡིན། །ནང་རང་སེམས་བཟུང་བས་མ་ཟིན་ན། །ཕྱི་གཞན་ལུས་བཟུང་བས་ཅི་ལ་ཕན། །ཉོན་མོངས་ཞེ་སྡང་མ་བཟོད་པས། །རི་ཕ་རིའི་ལོགས་ནས་ཤོར་གྱི་དོགས། །ཚུ་རིའི་ལོགས་ལ་ཟིན་དུ་རེ། །རེ་དོགས་ངང་ནས་འཁོར་བར་འཁྱམས། །྄ ཁྱོད་ཤ་བ་བསད་པས་མི་འགྲངས་ཏེ། །ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ། །ཕྱི་དགྲ་བོ་བཏུལ་ཡང་ཇེ་མང་འགྲོ། །ནང་རང་རྒྱུད་བཏུལ་ན་དགྲ་བོ་མེད། །     གཞན་ལས་བཤུས།


བརྒྱུད་འགོད།