གཟའ་བདུན་གྱི་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 10:05:00     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།    ཀློག་ཐེངས།  

ཟླ་བ་དཀར་པོ་ངང་བ་ལ་ཞོན་པ། ལག་གཉིས་ཀྱིས་པད་མ་ལ་ཟླ་བའི་དཀྱིལ་འཁོར་ཤར་བ་ཐོགས་པའོ། །

མིག་དམར་དམར་པོ་ར་སྐྱེས་ལ་ཞོན་པ། ལག་གཡས་ཆུ་གྲི་དང་གཡོན་མི་མགོ་ཟ་བའོ།

ལྷག་པ་སེར་པོ་པད་གདན་ལ་འདུག་པ། ལག་པ་གཉིས་ཀྱིས་མདའ་གཞུ་འཛིན་པའོ། །

ཕུར་བུ་དཀར་པོ་པད་གདན་ལ་བརྟེན་པ། ལག་པ་གཉིས་ཀྱིས་ཕྲེང་བ་དང་རིལ་བ་སྤྱི་བླུགས་འཛིན་པའོ། །

པ་སངས་དཀར་པོ་བུམ་པ་ལ་བརྟེན་པ། ལག་པ་གཉིས་ཀྱིས་ཕྲེང་བ་དང་རིལ་བ་སྤྱི་བླུགས་འཛིན་པའོ།

སྤེན་པ་ནག་པོ་རུས་སྦལ་གྱི་གདན་ལ་འདུག་པ། ལག་པ་གཡས་པས་དབྱུག་པ་འཛིན་པའོ། །

སྒྲ་གཅན་ནག་པོ་ལག་པ་གཉིས་ཀྱིས་ཉི་མ་དང་ཟླ་བ་འཛིན་པའོ། །

 

ནང་བསྟན་ལྷ་ཚོགས་ཆེན་མོལས་བཤུས།

                                               རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།