མཆོད་རྟེན་བརྒྱད་པ།།

    སྤེལ་དུས།  2015-12-08 21:35:32         ཀློག་ཐེངས།  


        1. པད་སྤུངས་མཆོད་རྟེན། 2.བྱང་ཆུབ་མཆོད་རྟེན། 3.བཀྲ་ཤིས་སྒོ་མང་མཆོད་རྟེན།4.ཆོ་འཕྲུལ་མཆོད་རྟེན། 5.ལྷ་བབ་མཆོད་རྟེན། 6.དབྱེན་ཟླུམ་མཆོད་རྟེན།7.རྣམ་རྒྱལ་མཆོད་རྟེན༌།8. མྱང་འདས་མཆོད་རྟེན།
1. པད་སྤུངས་མཆོད་རྟེན་ནི་ཤཱཀྱ་མུ་ནེ་སྐུ་བལྟམས་པའི་སྐབས་ཞབས་གོམ་བདུན་ལ་པད་མ་བྱུང་བ་དེ་དག་སྤུངས་ཏེ་མཆོད་རྟེན་བཞེངས་ནས་སྐུ་བལྟམས་པའི་རྗེས་དྲན་དུ་བཞེངས།
2.བྱང་ཆུབ་མཆོད་རྟེན་ནི་བདག་ཅག་གི་སྟོན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་བ་སྤྱད། མཐར་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་དྲན་དུ་བཞེངས།
3.བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་བདག་ཅག་གི་སྟོན་པས་ཡུལ་ཝ་ར་ན་སིར་འཁོར་ལྔ་སྡེ་བཟང་པོ་བདེན་བཞི་ཆོས་འཁོར་བསྐོར་བའི་རྗེས་དྲན་དུ་བཞེངས།
4.ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པ་སངས་རྒྱས་རྗེས་མུ་སྟེགས་པའི་སྟོན་པ་དྲུག་གིས་རྩོད་དུ་བྱུང་པ་ལ་ཆོ་འཕྲུལ་བསྟན་ནས་འདུལ་བའི་རྗེས་དྲན་དུ་བཞེངས།
5.ལྷ་བབ་མཆོད་རྟེན་ནི་སྟོན་པ་སུམ་བཅུ་རྩ་གསུམ་དུ་ཕེབས་ནས་རང་གི་མ་ཡི་སྐྱེ་བའི་ལྷ་ལ་ཆོས་གསུངས་ནས་ཕྱིར་མི་ཡུལ་དུ་བྱོན་པའི་རྗེས་དྲན་དུ་བཞེངས།
6.དབྱེན་ཟླུམ་མཆོད་རྟེན་ནི་ལྷས་སྦྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་ཏེ་ཉན་ཐོས་རྣམས་མི་མཐུན་པར་བྱས་པ་ལ། སྟོན་པས་མཆོག་ཟུང་མངགས་ཏེ་བཟླུམ་པར་བྱས་པའི་རྗེས་དྲན་དུ་བཞེངས་པ་ཡིན།
7.རྣམ་རྒྱལ་མཆོད་རྟེན་ནི་སྟོན་པ་མྱ་ངན་ལས་མ་འདས་པའི་ཟླ་བ་བཞི་ཙམ་གྱི་སྔོན་ལ་བསྙུན་གཞི་བྱུང་བ་ལ། ཉན་ཐོས་རྣམས་ཀྱིས་མྱ་ངན་ལས་མ་འདས་པར་གསོལ་བ་བཏབ་པ་ལྟར་བསྙུན་གཞི་ལས་རྣམ་པར་རྒྱལ་པའི་རྗེས་དྲན་དུ་བཞེངས།
8. མྱང་འདས་མཆོད་རྟེན་ནི་ཤཱཀྱ་མུ་ནེ་དགོངས་པ་མྱ་ངན་ལས་འདས་པའི་དྲན་གསོའི་མཆོད་རྟེན་ཡིན།

 

བརྒྱུད་འགོད།