ཚྭ་གསུར།

    སྤེལ་དུས།  2015-12-07 00:43:14         ཀློག་ཐེངས།  

              ༄༅། །ཚྭ་གསུར་གྱི་ཁུངས་ནི་གཞུང་དུ་མ་ལས་བར་དོ་བའི་མིང་ལ་དྲི་ཟ་ཞེས་བཤད་པ་དེ་ཡིན་ཞིང་བར་དོ་བའི་དྲི་ལོངས་སུ་སྤྱོད་པས་དེ་ལ་སྦྱིན་པའི་ཚུལ་དུ་ཚྭ་གསུར་འབུལ་བ་ཡིན་པས་ཚྭ་གསུརགྱི་དྲི་ཡིས་བར་དོ་བར་ཤིན་ཏུ་ཕན་ནོ། །
               ཚྭ་གསུར་འབུལ་དུས་སྣོད་ལ་ཟངས་ལྕགས་ལ་སོགས་བར་དོ་བའི་ལོངས་སུ་སྤྱོད་མི་ནུས་པས་ས་དམའ་སར་ཕུལ་ན་བཟང་གསུངས།
              ཚྭ་གསུར་གྱི་རྫས་ནི་དཀར་གསུམ་མངར་གསུམ་ལས་དམར་ལ་སོགས་པ་མ་འདྲེས་པ་དགོས་ཤིང༌།ཚྭ་གསུརཕུལ་ཏེ་དེ་བཞིན་གཤེགས་པ་བཞི་ཡི་མཚན་བརྗོད་ན་བར་དོ་ཉམ་ཐག་པ་ཐམས་ཅད་ལ་ཤིན་ཏུ་ཕན་ནོ། །

 

གསལ་འདེབས།            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དག་པར་ཞུ།     
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
                 རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn
བརྒྱུད་འགོད།