རྟ་ཚག་རྗེ་དྲུང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

    སྤེལ་དུས།  2021-10-13 12:52:33         ཀློག་ཐེངས།  

སྐུ་ཕྲེང་དང་པོ། ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན། 1402 - 1473 གཙང་སྟོད་ལྡོག་གཞུང་།

སྐུ་ཕྲེང་གཉིས་པ། དབོན་པོ་ལྷ་སྐྱབས། 1474 - 1508 སྤོ་བོ་ཡིད་འོང་།

སྐུ་ཕྲེང་གསུམ་པ། ལི་ཡུལ་ཆོས་རྒྱལ། 1509 - 1526 ལི་ཡུལ། ༼ བཤད་ཚུལ་མང་། ༽

སྐུ་ཕྲེང་བཞི་པ། རྗེ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། 1537 - 1604 མདོ་སྟོད་ནོར་འཛིན་གཞིར།

སྐུ་ཕྲེང་ལྔ་པ། ངག་དབང་ཆོས་ཀྱི་དབང་ཕྱུག 1606 - 1652 དབུས་སྟོད་སྤུན་དྲུག་རྫོང་།

སྐུ་ཕྲེང་དྲུག་པ། ངག་དབང་དཀོན་མཆོག་ཉི་མ། 1653 - 1707 འབའ་ལི་ཐང་ཆབ་དཀར་གྱི་མདོ།

སྐུ་ཕྲེང་བདུན་པ། བློ་བཟང་དཔལ་ལྡན་རྒྱལ་མཚན། 1709 - 1758 རི་བོ་ཆེའི་ལྕེ་ཡུལ་ལ་ཁ།

སྐུ་ཕྲེང་བརྒྱད་པ། བློ་བཟང་བསྟན་པའི་མགོན་པོ། 1760 - 1810 སྤོ་བོའི་གྲོང་མེས་ཇོ། རུས་རྒྱ་ར།

སྐུ་ཕྲེང་དགུ་པ། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། 1811 - 1848 མདོ་ཁམས་རི་བོ་ཆེའི་གྲོང་རྔས་མདར།

སྐུ་ཕྲེང་བཅུ་པ། ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། 1855 - 1886 ཡར་ཀླུངས།

སྐུ་ཕྲེང་བཅུ་གཅིག་པ། ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ།  1888 - 1918 ཡུལ་དབུས་ལྕགས་རི་སྤས་སྡོང་།

སྐུ་ཕྲེང་བཅུ་གཉིས་པ། བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན། 1924 - 1956 ཟངས་རིའི་ཆ་ཤས་ཁ་རུ།

སྐུ་ཕྲེང་བཅུ་གསུམ་པ། བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། 1983 - ལྷ་ས་དབང་ལྡན་དཔལ་འབར།

རྟ་ཚག་རྗེ་དྲུང་རིམ་བྱོན་ནི་གཙང་བ་བདུན་བརྒྱུད་ནང་གསེས་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་ནས་རིམ་བཞིན་བྱུང་བ་ཡིན་ལ། སྐུ་ཕྲེང་ཕྱི་མ་རྣམས་ལའང་རྣམ་ཐར་རྨད་དུ་བྱུང་བ་ཡོད།

དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།