ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-12 15:05:30     རྩོམ་པ་པོ།   དྷཱིཿ ཚ་རྨོག་རུ་སངས་རྒྱས་རྒྱ་    ཀློག་ཐེངས།  

སྐུ་ཕྲེང་དང་པོ། ལྕང་སྐྱ་གྲགས་པ་འོད་ཟེར། འཁྲུངས་འདས་མི་གསལ། ཙོང་ཁའི་ཧུ་ལན་ནུ་རའི་གྲོང་ཚོ།

སྐུ་ཕྲེང་གཉིས་པ། ངག་དབང་བློ་བཟང་ཆོས་ལྡན། 1642  - 1714 ཙོང་ཁའི་གཡི་དགེ་རྟ་ཕྱུག

སྐུ་ཕྲེང་གསུམ་པ། ལྕང་སྐྱ་རོལ་བའི་རྡོ་རྗེ། 1717 - 1786 ལང་ཇུའི་འབྲོག་གནས་བྲག་དཀར།

སྐུ་ཕྲེང་བཞི་པ། ཡེ་ཤེས་བསྟན་པའི་རྒྱལ་མཚན། 1786 - 1846 མདོ་སྨད་སའི་ཆ་རྭ་ལོ་ཐང་།

སྐུ་ཕྲེང་ལྔ་པ། ཡེ་ཤེས་བསྟན་པའི་ཉི་མ། 1849 - 1874 ཨ་མདོ་མཚོ་སྔོན།

སྐུ་ཕྲེང་དྲུག་པ། བློ་བཟང་བསྟན་འཛིན་རྒྱལ་མཚན་ནམ་བློ་བཟང་ཡེ་ཤེས་རྒྱ་མཚོ། 1875 - འདས་ལོ་མི་གསལ། མཚོ་སྔོན་ཕྱོགས་སུ་འཁྲུངས།

སྐུ་ཕྲེང་བདུན་པ། བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ།  1892 - 1958 མཚོ་སྔོན་ཕྱོགས་སུ་འཁྲུངས།

སྐུ་ཕྲེང་བརྒྱད་པ། བསྟན་འཛིན་དོན་ཡོད་ཡེ་ཤེས་རྒྱ་མཚོ། 1980 - མདོ་སྨད་ཙོང་ཁའི་ཡུལ་དགོན་ལུང་རྟ་རྫི་ལུང་ཁོག་ཁོ་ཤར།

ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་ལུང་། སྐུ་འབུམ། གསེར་ཁོག་སོགས་སུ་མཛད་འཕྲིན་བསྐྱངས་པ་དང་། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་སོགས་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་དུ་མ་བཞེངས་པའི་རྣམ་ཐར་རྨད་དུ་བྱུང་བ་ཡོད།

(དྷཱིཿ  ཚ་རྨོག་རུ་སངས་རྒྱས་རྒྱ་མཚོ། )

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།