མི་ཏྲ་བརྒྱ་རྩ།
࿐མི་ཏྲ་བརྒྱ་རྩར་གྲགས་པ་པ་ལས་རྒྱུད་སྡེ་བཞིའི་ཡི་དམ་དྲུག་ཅུ་རེ་ལྔ་ནི།ཐོག་མར་བྱ་རྒྱུད་ཀྱི་སྐོར་ལས། ༼ ༡ ༽ལྷ་མོ་དབྱངས་ཅན་མ་དཀར་མོ་ལྷ་བཅུ་གསུམ།༼ ༢ ༽རི་ཁྲོད་ལོ་མ་གྱོན་མ་ལྷ་ལྔ།༼ ༣ ༽བཅོམ་ལྡན་འདས་མ་གདུགས་དཀར་ལྷ་ཉེར་དགུ།༼ ༤ ༽རྣམ་པར་རྒྱལ་མ་ལྷ་དགུ།༼ ༥ ༽འཛམ་བྷ་ལ་ལྷ་དགུ།༼ ༦ ༽ཐུབ་པ་ཆེན་པོ་ལྷ་སོ་ལྔ།༼ ༧ ༽རྗེ་བཙུན་འཇམ་དབྱངས་དཀར་བོ་ལྷ་ལྔ།༼ ༨ ༽ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་པ།༼ ༩ ༽དོན་ཞགས་ལྷ་ལྔ་མ།༼ ༡༠ ༽སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སེངྒེའི་སྒྲ་ལྷ་ལྔ།༼ ༡༡ ༽རྟ་མགྲིན་ལྷ་བཅུ་བདུན་པ།༼ ༡༢ ༽མི་
གཡོ་བ་ལྷ་བཅུ་གཅིག་པ།༼ ༡༣ ༽བཅོམ་ལྡན་འདས་རྡོ་རྗེ་རྣམ་འཇོམས་ལྷ་ཉེར་གསུམ་པ།༼ ༡༤ ༽ཕྱག་རྡོར་མདོ་ལུགས་ལྷ་དགུ།༼ ༡༥ ༽ཕྱག་ན་རྡོ་རྗེ་བདུད་རྩི་ཐིགས་པ་ལྷ་གཅིག་མ།༼ ༡༦ ༽ཕྱག་ན་རྡོ་རྗེ་གོས་སྔོན་ཅན་ལྷ་གཅིག་མ།༼ ༡༧ ༽ཕྱག་རྡོར་མཆོད་རྟེན་སྔོན་པོ་ཅན་ལྷ་བདུན་ནམ་ལྔ་ཅན།༼ ༡༨ ༽ཕྱག་རྡོར་ལྕགས་སྦུབས་མ་ལྷ་བཅུ་གསུམ།༼ ༡༩ ༽ཕྱག་རྡོར་གཏུམ་པོ་མཐིང་ནག་ཁྱུང་ཤམ་ཅན་ལྷ་ལྔ།༼ ༢༠ ༽ཁྱུང་ནག་འབར་བ་ལྷ་དགུ། ༼ ༢༡ ༽མི་འཁྲུགས་པ་ལྷ་བཅུ་གསུམ་པ།
རྒྱུད་སྡེ་གཉིས་པ་སྤྱོད་རྒྱུད་ལས༼ ༡ ༽ཕྱག་ན་རྡོ་རྗེ་འགྲོ་བཟང་ལྷ་བཅུ་བདུན་པ། ࿑རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ལ་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དང་བོ༼ ༡ ༽ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་བརྒྱ་དང་ལྔ་བ།༼ ༢ ༽ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ་པ།༼ ༣ ༽ཕྱག་རྡོར་ཐུགས་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ་པ།༼ ༤ ༽བདེ་བ་ཆེན་པོ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་བརྒྱ་དང་སོ་བརྒྱད་པ།༼ ༥ ༽མེ་ལྟར་འབར་བ་འཕྲིན་ལས་ཀྱི་ལྷ་བཅུ་བདུན་པ།༼ ༦ ༽འཇིག་རྟེན་པའི་དཀྱིལ་འཁོར་རྒྱལ་ཆེན་ཕྱོགས་སྐྱོང་གིས་བསྐོར་བ་ལྷ་ཉེར་གསུམ་པ།༼ ༧ ༽འཇིག་རྟེན་པའི་དཀྱིལ་འཁོར་དྲང་སྲོང་རྒྱུ་སྐར་གྱིས་བསྐོར་བའི་ལྷ་ཞེ་ལྔ་བ།༼ ༨ ༽འཇིག་རྟེན་པའི་དཀྱིལ་འཁོར་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་ལྷ་བཅུ་གསུམ་པ།༼ ༩ ༽དེ་ཉིད་བསྡུས་པའི་དུམ་ལས་གསུངས་པའི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལྷ་ང་བདུན།༼ ༡༠ ༽དེ་ཉིད་བསྡུས་པའི་དུམ་བུ་ལས་གསུངས་པའི་དོན་ཀུན་གྲུབ་པའི་དཀྱིལ་འཁོར་ལྷ་ང་བདུན་པ།
༼ ༡༡ ༽དེ་ཉིད་བསྡུས་པའི་རྒྱུད་ལས་གསུངས་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལྷ་ང་བདུན་པ།༼ ༡༢ ༽དཔལ་མཆོག་དང་བོའི་དཀྱིལ་འཁོར་ལྷ་དྲུག་ཅུ་རེ་གཅིག་པ།༼ ༡༣ ༽འཇམ་དཔལ་གསང་ལྡན་ལྷ་ང་གསུམ་པ།༼ ༡༤ ༽ཙནྡ་གོ་མིའི་འཇམ་དཔལ་གྱི་དཀྱིལ་འཁོར་རྩ་བའི་ལྷ་བཅུ་བདུན་རིགས་ལྷ་རྣམས་བཅས་པ།༼ ༡༥ ༽མཚན་བརྗོད་ཟབ་པ་གདམས་ངག་ཅན་གྱི་དཀྱིལ་འཁོར་ལྷ་ཉེར་གཅིག་པ།༼ ༡༦ ༽ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱིས་བསྐོར་བའི་དཀྱིལ་འཁོར་ལྷ་ང་དགུ་པ།༼ ༡༧ ༽སྐུ་གདུང་དམ་པ་རིགས་བརྒྱའི་ལྷ་རྣམས།༼ ༡༨ ༽རྡོར་སེམས་ལྷ་བཅུ་བདུན་པ།
རྒྱུད་སྡེབཞི་བ་རྣལ་འབྱོར་བླ་མེད་ལས་༼ ༡ ༽ཐོག་མར་འཇམ་དཔལ་གཤིན་རྗེའི་གཤེད་གདོང་དྲུག་ལྷ་ཉེར་གཅིག་པ།༼ ༢ ༽འཇམ་དཔལ་གཤིན་རྗེའི་གཤེད་དམར་བོ་ལྷ་བཅུ་གསུམ་པ།༼ ༣ ༽དཔལ་རྡོ་རྗེ་འཇིགས་བྱེད་ལྷ་དགུ་བ།༼ ༤ ༽བེ་རོ་ཙ་ན་རཀྵའི་ཏའི་ལུགས་ཀྱི་འཇིགས་བྱེད་ལྷ་བཅོ་བརྒྱད་པ།༼ ༥ ༽འཇིགས་བྱེདཞལ་གཉིས་བ་ལྷ་དགུ།༼ ༦ ༽གྲུབ་ཆེན་ཛ་ཝ་རི་བའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅུ་བཞི་བ།༼ ༧ ༽དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལས་བདེ་མཆོག་དཀར་བོ་ལྷ་ཉེར྄་དགུ་པ།༼ ༨ ༽དཔལ་འཁོར་ལོ་སྡོམ་པ་བཅུ་བཞིའམ་བཅུ་གསུམ་པ།༼ ༩ ༽དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལྷ་ལྔ་བ།༼ ༡༠ ༽གྲུབ་ཆེན་ཏེ་ལོ་བའི་ལུགས་ཀྱི་འཆི་བ་སྐྱོབས་པའི་འཁོར་ལོ་སྡོམ་པ་ལྷ་དགུ་བ།༼ ༡༡ ༽གཉིས་མེད་རྡོ་རྗེའི་ལུགས་ཀྱི་བདེ་མཆོག་ལྷ་བརྒྱད་པ།
༼ ༡༢ ༽བདེ་མཆོག་ཡུམ་བཀའ་ལ་གྲུབ་ཆེན་ཏེ་ལོ་བའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་གསུམ་པ།༼ ༡༣ ༽རྡོ་རྗེ་ཕག་མོ་ཞལ་གཉིས་མ་ལྷ་བཅུ་གསུམ།༼ ༡༤ ༽ཕག་མོ་དོན་གྲུབ་མ་ལྷ་བཅུ་གསུམ།༼ ༡༥ ༽རྡོ་རྗེ་ཕག་མོ་དབུ་བཅད་མ་ལྷ་བཅུ་གསུམ་མམ་བཅོ་ལྔ་བ།༼ ༡༦ ༽པཎ་ཆེན་ནཱ་རོ་ཏ་བའི་ལུགས་ཀྱི་རྗེ་བཙུན་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་པ།༼ ༡༧ ༽མཻ་ཏྲི་མཁའ་སྤྱོད་མ་ལྷ་དགུ་བ།༼ ༡༨ ༽རྡོ་རྗེ་ཕག་མོ་ཞལ་བཞི་བ་ལྷ་སོ་བདུན་པ།༼ ༡༩ ༽མཁའ་འགྲོ་རྒྱ་མཚོ་ལས་གསང་བའི་རྡོ་རྗེ་ཕག་མོ་ནག་མོ་ལྷ་ལྔ་བ།༼ ༢༠ ༽མ་ཧཱ་མ་ཡའི་རྒྱུད་ལས་བཤད་པའི་རྒྱུ་མ་ཆེན་མོའི་དཀྱིལ་འཁོར་འབྲིང་བོ་ལྷ་ལྔ་བ།༼ ༢༡ ༽ཀུ་ཀུ་རི་བའི་ལུགས་ཀྱི་རྒྱུ་མ་ཆེན་མོ་རྡོར་སེམས།༼ ༢༢ ༽ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་བ།༼ ༢༣ ༽དཔལ་རྟ་མཆོག་རོལ་བ་པདྨ་གར་གྱི་དབང་ཕྱུག་ལྷ་བཅོ་བརྒྱད་པ།༼ ༢༤ ༽ཉི་མ་སྤས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་པ།༼ ༢༥ ༽དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་བ་ལྷ་དགུ་བ་བཅས་སོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn