དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-03-22 19:37:39     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཨ་བྷྱ་ཀ་རས་མཛད་པའི་གསང་སྔགས་རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་དབང་བསྐུར་བའི་ཆོ་ག་ཞིག་སྟེ། བསྟན་འགྱུར་སྡེ་དགེ་དཔར་མའི་སྔགས་ཕྱོགས་ཀྱི་པོད[ཕུ]པའི་མགོར་ཡོད། ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་ཀྱིས་ཐོག་མར་བསྒྱུར་བ་ལ། དུས་ཕྱིས་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་བཅོས་ཤིང་། དེ་རྗེས་པནྜི་ཏ་ར་ཀྴི་ཏ་དང་། ར་ཧུ་ལ་ཤྲི་བྷ་དྲ་དང་། མ་ཎི་ཀ་ཤྲི་ཛྙ་ན་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་འགྱུར་བཅོས་མཛད། སླར་ཡང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བཅོས་ནས་དག་པར་མཛད་པ་ཡིན། འདིའི་དཀྱིལ་འཁོར་རིགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཀྱི་དབང་བསྐུར་ཚུལ་གསུངས་པ་ནི། ༡གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ༢་གསང་འདུས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། ༣་རྣམ་སྣང་འཇམ་པའི་རྡོ་རྗེ་ལྷ་ཞེ་གསུམ། ༤གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ། ༥སྙིང་པོ་ཀྱེེ་རྡོ་རྗེ་ལྷ་དགུ༦་ཐུགས་ཀྱེེ་རྡོ་རྗེ་ལྷ་དགུ༧་གསུང་ཀྱེེ་རྡོ་རྗེ་ལྷ་དགུ༨སྐུ་ཀྱེེ་རྡོ་རྗེ་ལྷ་དགུ༩་མཁའ་འགྲོ་རིགས་བསྡུས་ལྷ་ང་གསུམ། ༡༠་བདག་མེད་ལྷ་མོ་ལྷ་ཉེར་གསུམ། ༡༡་བདག་མེད་ལྷ་མོ་བཅོ་ལྔ། ༡༢་ཀུ་རུ་ཀུ་ལེ་ལྷ་བཅོ་ལྔ་མ། ༡༣་སྒྲོལ་མ་ལྷ་བཅུ་གཅིག་མ། ༡༤སྙིང་པོ་ཀྱེེ་རྡོ་རྗེ་ལྷ་བཅུ་བདུན། ༡༥་ཐུགས་ཀྱེེ་རྡོ་རྗེ་ལྷ་བཅུ་བདུན་མ། ༡༦གསུང་ཀྱེེ་རྡོ་རྗེ་ལྷ་བཅུ་བདུན། ༡༧་སྐུ་ཀྱེེ་རྡོ་རྗེ་ལྷ་བཅུ་བདུན། ༡༨་བདེ་མཆོག་རྡོ་རྗེ་སེམས་དཔའ་ཞི་བ་ལྷ་སོ་བདུན། ༡༩་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས། ༢༠་འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། ༢༡་འཁོར་ལོ་སྡོམ་པ་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས་པ། ༢༢་ཕག་མོ་དམར་མོ་ལྷ་སོ་བདུན། ༢༣ཕག་མོ་སྔོན་མོ་ལྷ་སོ་བདུན། ༢༤ཕག་མོ་སེར་མོ་ལྷ་སོ་བདུན། ༢༥་ཧྰུ་མཛད་ལྷ་བཅུ་གཅིག་པ། ༢༦བདེ་མཆོག་འཁོར་ལོ་སྒྱུར་དྲུག༢༧རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག༢༨རྡོ་རྗེ་ཧྰུ་མཛད་ལྷ་ཉེར་དགུ༢༩རྡོ་རྗེ་ཁྲག་འཐུང་ལྷ་ཉེར་གཅིག༣༠བདུད་རྩི་འཁྱིལ་བ་ལྷ་བཅུ་གསུམ། ༣༡སངས་རྒྱས་ཐོད་པ་ལྷ་ཉེར་ལྔ། ༣༢སངས་རྒྱས་ཐོད་པ་ལྷ་དགུ༣༣་སྒྱུ་མ་ཆེན་མོ་ལྷ་ལྔ། ༣༤་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད། ༣༥ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། ༣༦་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་སོ་བཞི། ༣༧་རྡོར་དབྱིངས་ལྷ་ང་གསུམ། ༣༨གཙུག་དགུ་ལྷ་སོ་བདུན། ༣༩ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་དང་ཉེར་གཅིག༤་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ། ༤༡འོད་ཟེར་ཅན་མ་ལྷ་ལྔ། ༤༢གྲ་ལྔ་ལྷ་བཅུ་གསུམ་བཅས་ཡོད་ཅིང་། དཀྱིལ་འཁོར་དེ་དག་གི་ཐང་ཀ་ནི། དེང་སྐབས་བཀྲ་ཤིས་འཁྱིལ་དང་། ཁམས་ཕྱོགས་ཀྱི་དགོན༌སྡེ་འགའ་ཞིག་ཏུ་མཇལ་རྒྱུ་ཡོད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།