བཀའ་གདམས་གླེགས་བམ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:11:43     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

བཀའ་གདམས་ཀྱི་མན་ངག་ཐམས་ཅད་ཀྱི་རྩ་བ་ལྟ་བུབྱང་སེམས་ནོར་བུའི་ཕྲེང་བཞེས་པ་དེ་ཡིན་ཅིང་། དེ་ནིཇོ་བོའི་ཆོས་ཆུང་བརྒྱ་རྩ(སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཁ]པའི་ནང)དང་། བཀའ་གདམས་ཕ་ཆོསཀྱི་འགོར་ཡོད། བཀའ་གདམས་གླེགས་བམ་ཞེས་པ་ནིབཀའ་གདམས་ཕ་ཆོསཔོད་གཅིག་དངབཀའ་གདམས་བུ་ཆོསཔོད་གཅིག་བཅས་བསྡོམས་པའི་མིང་ཡིན། གླེགས་བམ་འདིའི་བརྗོད་བྱ་ཁག་ཅིག་འབྲོམ་སྟོན་པ་རིན་པོ་ཆེས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་དང་། མང་པོ་ཞིག་རྔོག་ལེགས་པའི་ཤེས་རབ་ཀྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ། ཉུང་ཤས་ཤིག་དགེ་བཤེས་ཁུ་སྟོན་གྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེས་གསུངས་པ་བཅས་ཡིན་ཅིང་། ཕ་ཆོས་ཞེས་པ་ཕ་སྟོན་པ་རིན་པོ་ཆེས་ཞུས་པ་ལ་ཟེར། བུ་ཆོས་ཞེས་པ་བུ་རྔོག་ལེགས་པའི་ཤེས་རབ་དང་དགེ་བཤེས་ཁུ་སྟོན་གྱིས་ཞུས་པ་ལ་ཟེར། བཀའ་གདམས་གླེགས་བམ་ཕྱོགས་བསྒྲིགས་ཐོག་མར་མཛད་མཁན་ནི་རྔོག་ལེགས་པའི་ཤེས་རབ་ཡིན་ཅིང་། དེའི་ལུང་རྒྱུན་ཡང་རྔོག་ནས་བཟུང་ད་ལྟའི་བར་རྒྱུན་མི་ཆད་པར་ཡོད་པ་དངབཀའ་གདམས་ཕ་ཆོསདངབུ་ཆོསཀྱི་བརྗོད་བྱ་དང་ལོ་རྒྱུས་སྐོར་གཤམ་གསལབཀའ་གདམས་ཕ་ཆོསདངབཀའ་གདམས་བུ་ཆོསཞེས་པའི་སྐབས་སུ་གསལ་བས་དེར་གཟིགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།