དུས་ཆེན་ངོས་འཛིན་དང་ཆོ་འཕྲུལ་བསྟོད་པ་བཞུགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 07:58:35     རྩོམ་པ་པོ།   རྒྱལ་བ་དགེ་འདུན་གྲུབ།     ཀློག་ཐེངས།  

༄༅།།ཨོ་བདེ་ལེགས་སུ་གྱུར་ཅིག།

ཟླ་མེད་སྟོན་པ་དེ་ལ་ཕྱག་འཚལ་ལོ།།

གཉིས་པའི་ཡར་ངོ་ཆོ་འཕྲུལ་ཆེ།།

དྲུག་པའི་བཞི་ལ་ཆོས་འཁོར་བསྐོར།།

དགུ་པའི་ཉེར་གཉིས་ལྷ་ལས་བབས།

བཞི་པའི་བཅོ་ལྔ་རྫོགས་སངས་རྒྱས།

ཞེས་ཡོངས་སུ་གྲགས་པའི་དུས་ཆེན་བཞི་དང་།

ས་ག་ཞེས་གྲགས་ཧོར་ཟླ་བཞི་པ་ཡི།

དཀར་པོའི་ཕྱོགས་ཀྱི་ཚེས་པ་བཅོ་ལྔ་ལ།།

ཐུབ་དབང་ལྷུམས་ཞུགས་མངོན་པར་བྱང་ཆུབ་དང་།།

མྱ་ངན་འདས་པའི་དུས་ཆེན་ཡིན་པར་གསུངས།

མཆུ་ཟླ་ཞེས་གྲགས་ཧོར་ཟླ་དང་པོ་ཡི།།

དཀར་པོའི་ཕྱོགས་ཀྱི་ཚེས་པ་བཅོ་ལྔ་ལ།།

ཐུབ་དབང་བལྟམས་པའི་དུས་ཆེན་ཡིན་པར་གསུངས།

དབོ་ཟླ་ཞེས་གྲགས་ཧོར་ཟླ་གཉིས་པ་ཡི།

དཀར་ཕྱོགས་སྤྱི་དང་ཁྱད་པར་ཚེས་བརྒྱད་ལ།།

ཆོ་འཕྲུལ་བསྟན་པའི་དུས་ཆེན་ཡིན་པར་གསུངས།།

ཆུ་སྟོད་ཅེས་གྲགས་ཧོར་ཟླ་དྲུག་པ་ཡི།

དཀར་པོའི་ཕྱོགས་ཀྱི་ཚེས་པ་བཞི་ལ་ནི།།

ཆོས་འལོར་སྐོར་བའི་དུས་ཆེན་ཡིན་པར་གསུངས།།

ཐ་སྐར་ཞེས་བྱ་ཧོར་ཟླ་དགུ་པ་ཡི།

མར་ངོའི་ཕྱོགས་ཀྱི་ཉི་ཤུ་གཉིས་ལ་ནི།།

ལྷ་ལས་བབས་པའི་དུས་ཆེན་ཡིན་པར་གསུངས།།

ས་ག་ཞེས་བྱ་ཧོར་ཟླ་བཞི་པ་ཡི།།

དཀར་པོའི་ཕྱོགས་ཀྱི་ཚེས་པ་བརྒྱད་ལ་ནི།།

རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ།།

རབ་ཏུ་བྱུང་བའི་དུས་ཆེན་ཡིན་པར་གསུངས།།

བཟང་པོའི་དུས་ཆེན་འདི་དག་རྣམས་ལས་ནི།།

ཡིད་ཆེས་རྙེད་པས་དགེ་བ་གང་བསྒྲུབས་དེ།།

བྱེ་བ་བརྒྱ་ཡི་འགྱུར་དུ་མདོ་ལས་གསུངས།

དེ་ཕྱིར་དགེ་བ་སྒྲུབ་ལ་བརྩོན་པར་མཛོད།།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།