བླ་བྲང་དཔར་ཁང་ཆེན་མོ།

ཡོང་ཁུངས།   扎西平台     སྤེལ་དུས།  2016-05-20 10:57:34     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 

638009591270488090.jpg

          བླ་བྲང་དཔར་ཁང་ཆེན་མོ་བཙུགས་པ། 

         དེ་ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་དགོན་པ་བཏབ་པའི་དུས་མགོར་གྲྭ་བཙུན་སུམ་བརྒྱ་ལྷག་དང་།   འཇམ་དབྱངས་བཞད་པ་སྐུ་གོང་མའི་སྐབས་ཚོགས་ཆེན་འདུ་ཁང་ཀ་བ་བརྒྱད་ཅུ་ཅན་དྲི་གཙང་གཙང་ཁང་དང་བཅས་པ་བཞེངས་པ་ལས་ཕྱིས་སུ་དགེ་འདུན་ཚོགས་ཧ་ཅང་རྒྱ་ཆེ་བ་བྱུང་བས་ནང་དུ་མ་ཤོང་བར་བརྟེན་འདུ་ཁང་ཀ་བ་བརྒྱ་དང་བཞི་བཅུ་ཅན་ཁོ་ར་ཁོར་ཡུག་སྟེང་འོག་དང་བཅས་བཞེངས།   ཀུན་མཁྱེན་འཇིགས་མེད་དབང་བོའི་སྐུ་རིང་ལ་དགོན་པ་ཆེས་ཆེར་འཕེལ་རྒྱས་སོང་ལ། ཀུན་མཁྱེན་འཇིགས་མེད་དབང་བོ་སྐུ་གཤེགས་ནས་ལོ་བཅུའི་རྗེས་ཀྱི་1801 དགོན་ལག་ཀྱང་བཞི་བཅུ་ཡས་མས་སུ་བྱུང་བས།

 

568234021876188014.jpg

 

         འོན་ཀྱང་སྐབས་དེར་བླ་བྲང་དགོན་པར་དཔར་ཁང་མེད་པས་ཆོས་འཆད་ཉན་ལ་དཀའ་ཁག་བྱུང་བ་དང་།   དགོན་པའི་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་གནས་ཚུལ་དེ་འདྲའི་འོག་དཔར་ཁང་འཛུགས་སྐྲུན་བྱས་པ་རེད།    དེ་ནས“1749 ཀུན་མཁྱེན་སྐུ་ཕྲེང་དང་པོའི་གསུང་འབུམ་བརྐོས་ནས་པར་དུ་བསྐྲུན་པ།   ཡར་སྔོན་དུ་བླ་བྲང་དགོན་པ་ལ་པར་བརྐོ་བའི་རྒྱུན་མེད།“   མདོ་སྔགས་རིག་གནས་མཐའ་དག་འདུས་པའི་པར་ཁང་ཆེན་མོ་འདི་བྱུང་།   དཔར་ཁང་ཆེན་མོ་འདི་ལ་དོ་དམ་པ་དང་དཔར་པ།

748421254900961852.jpg

             སངས་རྒྱས་དང་བྱང་ཆུབ་སེམས་དཔའ།    མཁས་གྲུབ་དམ་པ་མང་པོའི་གསུང་འབུམ་ཐོར་བུ་བརྗོད་ཀྱི་མི་ལངས་ཏེ།   མདོ་སྔགས་རིག་གནས་དང་བཅས་པ་ཉེ་བར་མཁོ་བའི་བོད་སྔ་རབས་པའི་གསུང་དང་གྲུབ་མཐའ་རིས་མེད་ཀྱི་གསུང་གལ་ཆེ་བ་ཆེས་མང་པོ་ཞིག་གི་དཔར་ཤིང་བཞུགས།   པར་ཤིང་ཁོ་ན་འབུམ་ཕྲག་ལྔ་ལྷག་ཚགས་སུ་དམ་པར་སྐད་པས་ན་བླ་བྲང་དཔར་ཁང་ཆེན་མོ་ཞེས་མདོ་སྨད་ཡུལ་གྲུ་ཀུན་ལ་གྲགས་པས་མ་ཁྱབ་པ་མེད་དོ།།

 

840224052169734306.jpg

  གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།          དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།