རླུང་རྟ།

    སྤེལ་དུས།  2015-12-21 11:08:06         ཀློག་ཐེངས།  

         ༄༅། །རླུང་རྟ་ངེས་པར་སྟག་སེང་འབྲུག་དང་ཀླུངས་རྟ་རྒྱས་པར་བྱེད་པ་མཚོན་བྱེད་དུ་རྟ་འབྲི་བ་ལས་སྐུ་གསུང་ཐུགས་རྟེན་གཏན་ནས་འབྲི་མི་རུང༌། དེང་སང་སངས་རྒྱས་ཀྱི་སྐུ་པར་ནས་རླུང་རྟའི་ཚབ་ཏུ་བསྐྱོན་བཞིན་ཡོད་པ་ནི་དགེ་བ་ལས་ཉེས་པ་ཆེ། དེ་རླུང་ལ་བསྐྱོན་ན་སངས་རྒྱས་ཀྱི་སྐུ་ལ་མ་བརྩི་བའི་ཉེས་པ་གསོག་ཅིང༌། དེ་གཞན་གྱིས་འགོམས་ནའང་ཉེས་པ་མཐའ་ཡས་པ་ཡོད་པར་ཀུན་གྱིས་འཛེམ་དགོས།   དེ་བས་རླུང་རྟ་དེ་རིགས་འཚོང་རྒྱུ་ཡོད་ཀྱང་ཉོ་མི་རིགས་ལ་དེ་བས་ཀྱང་བསྐྱོན་མི་རིགས་ཏེ་བསྐྱོན་ན་ཕན་ཡོན་ལས་ཉེས་དམིགས་ཤིན་ཏུ་ཆེ་བས་སོ། །
 

བརྒྱུད་འགོད།