ཐེག་ཆེན་གསོ་སྦྱོང༌།

    སྤེལ་དུས།  2015-12-07 00:40:53         ཀློག་ཐེངས།  

         ༄༅། །ཐེག་ཆེན་གྱི་བསམ་པས་ཟིན་པས་བྱས་ཏེ་ཡན་ལག་ལྔ་སྲུང་ན་ཐེག་ཆེན་གསོ་སྦྱོང་སྟེ་སྨྱུང་གནས་ཀྱི་སྔོན་དུ་བསྲུང་རྒྱུའི་སྡོམ་པ་འདི་ཡིན།
ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཡུལ་ནི།ཐེག་པ་ཆེན་པོའི་སྡོམ་ལྡན་ཞིག་དགོས་ཤིང༌།རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་བླངས་ཀྱང་སྐྱེ་བས་སོ།རྟེན་གྱི་ཁྱད་པར་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ནི།དགེ་སློང་རྣམ་དག་གིས་ལེན་དུ་རུང་བར་གསུངས་སོ།བསམ་པའི་ཀྱད་པར་ངེས་པར་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་དུ་བསྐྱེད་པ་དགོས་པ་ནི་གོང་དུ་བཤད་ཟིན་པ་ལྟར་རོ། །ཇི་ལྟར་ལེན་པའི་ཆོ་ག་སངས་རྒྱས་རྣམས་ཀྱིས་ལམ་དུས་སུ་ཇི་ལྟར་མཛད་པ་དཔེར་བྱས་ཏེ།རང་ཉིད་ཀྱང་དེ་ལྟ་བུའི་རྣམ་ཐར་གྱི་རྗེས་སུ་སློབ་པར་ཁས་ལེན་པ་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །བླངས་ནས་སྲུང་ཚུལ་ནི།ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་བླངས་པས་ནི་ཤ་ངེས་པར་སྤང་དགོས།མཐར་འབྲས་བུ་ནིཐེག་ཆེན་དུ་སེམས་བསྐྱེད་ན་ཐེག་ཆེན་ཐེག་གྱི་འབྲས་བུ་འགྲུབ།ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་པས་ནི་སེམས་བསྐྱེད་ཉམས་ན་མ་གཏོགས་རྫོགས་བྱང་གི་འབྲས་བུ་ངེས་པར་འགྲུབ་བོ།
དེས་ན་སངས་རྒྱས་ཀྱི་བཅས་པའི་དབང་གིས་དགེ་སློང་སོགས་ཀྱིས་ཀྱང་ལེན་དུ་རུང་བས་སྨྱུང་གནས་དང་འབྲེལ་བའི་སྐབས་གཞན་དུ་འནགརབ་བྱུང་གི་སྡོམ་པ་དང་ལྡན་མི་ལྡན་ཐམས་ཅད་ཀྱིས་བླ་མའམ་རྟེན་གྱི་དྲུང་དུ་གོང་དུ་བཤད་པའི་ཆོ་ག་བཞིན་བླངས་ནས་བསྲུང་བྱ་རྣམས་ལེགས་པར་བསྲུང་ན་ཕན་ཡོན་རླབས་པོ་ཆེ་འབྱུང་ཞིང་མ་བསྲུངས་ན་ཉེས་དམིགས་ཆེས་ལྕི་བ་འབྱུང་བ།
ཐེག་ཆེན་གསོ་སྦྱོང་གི་བསྲུང་བྱ་བསྙེན་གནས་དང་འདྲ་སྟེ་སྲོག་གཅོད་པ་དང༌། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་བ་སྟེ་རྩ་བ་བཞི་དང༌། ཆང་དང་དུས་མ་ཡིན་པའི་ཟས་དང༌། མལ་སྟན་ཆེ་མཐོ། གླུ་གར་རོལ་མོ་ལ་སོགས་པ་སྟེ་ཡན་ལག་བརྒྱད་བསྲུང་དགོས། དེ་ལ་ཡན་ལག་བརྒྱད་ཡོད་པས་གསོ་སྦྱོང་ཡན་ལག་བརྒྱད་པ་ཟེར།

 

བརྒྱུད་འགོད།