ཤར་ཕྱོགས་ཏ་མིང་རྒྱལ་བོས་རྗེ་ཙོང་ཁ་བར་ཆབ་ཤོག་ཕུལ་བའི་ཞལ་བཤུས་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-14 16:15:01     རྩོམ་པ་པོ།   ཏ་མིང་རྒྱལ་བོ།    ཀློག་ཐེངས།  

  རྒྱ་ནག་གཡུང་ལོ་རྒྱལ་བོས་ཀྱང་། ཏའི་མིང་རྒྱལ་བོས་ལུང་གིས། བླ་མ་བློ་བཟང་གྲགས་པ་ལ་བཟློ་བ། ཁྱེད་རང་ལམ་གྱི་ཡོན་ཏན་ཤིན་ཏུ་ཟབ་ཅིང་མཐོ་བ། རྣམ་དག་རྒྱས་པ། བྱམས་སྙིང་རྗེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ། ཐེག་པ་ཆེན་པོའི་ལམ་ལ་འགོད་པ། དེའི་དོན་གྱིས་ཀྱང་ཁྱེད་རྣམ་དག་དུ་བསམ་ནས་ཡུན་རིང་དུ་སོང་ཞིང་། ད་ལྟ་ནན་གྱིས་ཐའི་རྐྱན་ཧོའུ་ཧྱེན་མགོ་བྱས་མངགས་ནས། ལུགས་གཉིས་ཀྱིས་ཚོན་པར་ཁྱེད་གདན་འདྲེན་བཏང་ཡོད། ཁྱོད་སངས་རྒྱས་བསྟན་པ་དར་བར་བསམ་ན། ཡུལ་དབུས་སུ་བྱོན་ནས། ངེད་ཀྱི་སེམས་བཞིན་འགྲུབ་པར་མཛོད། ལུང་ཡིན་གནང་སྦྱིན་རྡོ་དྲིལ། མཁར་བ་ལ་ཚ་གསེར་ཡོད་པའི་ཐང་བ་གཅིག ཏི་ཤག་བུབས་གཅིག བ་སོའི་ཕྲེང་བ་བསྐོར་གཅིག ཙན་དན་དུམ་བུ་གཅིག མཚམས་དམར་བོ་ཡིའུ་བྱས་པའི་སྙུག་མ་ཕྲ་མོའི་ཞྭ་ཐེབ་གཅིག མདོག་མི་འདྲ་བའི་བཅུ་ཟི་ཆོས་གོས་བུབས་གཅིག རྟ་ཧ྄ུཾ་དམར་བོ་མེ་ཏོག་མེད་པ་ཕྱམ་གོང་མ་གཅིག  དམར་པོ་མེ་ཏོག་མེད་པ་ཕྱམ་གོང་མ་གཅིག ཤ་མདོག་མེད་པ་ཤ་འབྲག་གཅིག ནད་ཧྱང་དམར་པོ་མེ་ཏོག་མེད་པ་ཐེར་ལིག་གཅིག གཞུམ་གྱི་མ་ཐོན་ཏི་དུམ་བུ་གསུམ་མ་རྟ་ཧུཾ་ཡིད་བཞིན་ཁྱུའི་མེ་ཏོག་ཡོད་པ་དུམ་བུ་གཅིག སྔོན་པོ་ཁྱུའི་ཝུན་རིན་པོ་ཆེ་མེ་ཏོག་ཡོད་པ་དུམ་བུ་གཅིག ཤུག་པའི་མདོག་ལྗང་ཁུ་དུས་བཞི་རིན་པོ་ཆེ་མེ་ཏོག་ཡོད་པ་དུམ་བུ་གཅིག གོས་ཆེན་ཡུག་བདུན་ལ། ད་ན་ཧཱ་སྔོན་པོ་ཡུག་གཅིག ད་ན་ཧཱ་ཞིམ་ཐའུ་ཧཱུཾ་ཡུག་གཅིག མེ་ཏོག་མེད་པ་ལྗང་ནག་ཡུག་གཅིག མེ་ཏོག་ས་དན་ཧྱང་དམར་པོ་ཡུག་གཅིག བ་ཇ་རྒྱ་མ་ལྔ་བཅུ། ཚི་དཀར་བོ་རི་མོ་མེད་པ་ཇ་བུམ་གཉིས། ཚི་དཀར་པོ་ཇ་ཕོར་བདུན། ཁ་ཤའི་ལུགས་བྱས་པའི་ལྷམ་ནག་པོ་ཆ་གཅིག ཅུ་ཟི་སྔོན་པོ་མེ་ཏོག་མེད་པ་ཁ་ཆག་བྱས་པའི་ལུག་བལ་དཀར་པོ་གྱི་འབོབ་ཆ་གཅིག དར་མདོག་ཅན་ཡུག་བདུན། ཡུན་མོ་བཅུ་གཅིག་པའི་ལོ། ཟླ་བ་གཉིས་པའི་ཚེས་བཅུ་གཅིག་གི་ཉིན། ཅེས་པ་འདི་རྒྱ་ནག་གི་རྒྱལ་པོས། རྗེ་རིན་པོ་ཆེ་ཤར་ཙོང་ཁ་བ་ལ་ཕུལ་བའི་མཇལ་བའི་ཞལ་བཤུས་བཞུགས་སོ།།

འཇའ་ས་ངོ་བོ་རང་ནི་ཤངས་ཀྱི་མདོག་ཆོས་པའི་ལག་ན་ཡོད་ཟེར་རོ།།  རྒྱ་ཤོག་སེར་བོ་ཞེང་ལ་མཐོ་ཕྱེད་བཞི་དང་དཀྱུས་ལ་འདོམ་པ་གང་ཡོད་པའི་སྟེང་དུ། གསེར་རིས་ཀྱི་འབྲུག་སྡོར་ལྔ་བྲིས་སྟེངས། གོང་གི་ཞུ་ཡིག་རྣམས་བོད་ཡིག་དང་། དེའི་འོག་ཏུ་ཚེ་རིང་གནམ་གྱི་ཤི་མོང་འབྱར་བའི་སྲོངས་ཡུན་ལོ་ཅེས་པ་རྣམས་ཡི་གེ་བརྩེགས་ནས་བྲིས་པ།  དེའི་འོག་ཏུ་རྒྱ་ནག་གི་ཡི་གེ་མང་བས་བྲིས་པ་དང་བཅས། དགེ་ལྡན་གཟིམས་ཁང་ཆེན་མོར་ཡོད་པའི་ཞུ་ཡིག་ངོ་བོ་དེ་ཁའི་སྟེང་ནས་ལྷག་ཆད་མེད་པར་བཤུས་པ་ལགས།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།