ཆེད་བསྒྲིགས། སེམས་ཀྱི་སྒྲོན་མེ་སེར་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 20:33:40     རྩོམ་པ་པོ།   གཟི་དམར།    ཀློག་ཐེངས།  

281856575807207431.jpg

                  འཇམ་མགོན་བླ་མ།

ལྷུན་ཆགས་ལྗོངས་སུ་འཇ༵མ་མགོ༵ན་བསྟན་པ་དར། །

དམ་ཆོས་བསྩལ་མཁས་བླ༵་མ་བཤེས་གཉེན་འཕྲད། །

ཁྱེད་ཀྱི་མཛད་པ་མཐའ་ཡས་ཝ་ལེར་འཆར། །

བདག་ཅག་ཞིང་འདིར་ཚོགས་པ་ཨེ་མ༵་བཟང་། །

                         ཙོང་ཁ་བ།

རྒྱལ་བའི་གཟུགས་སྐུ་བལྟམས་པ་ཙོང་༵ཁའི་ཡུལ། །

ཨེ་ཝཾ་ལྷན་སྦྱོར་ཐུབ་གཞུང་ཇི་སྙེད་ཅིག །

མཐར་སོན་ཕུན་ཚོགས་ཁ༵་བའི༵་ཤིང་རྟའི་སྲོལ། །

མཛད་པའི་དེད་དཔོན་མཆོག་ལ་སྙིང་ནས་འདུད། །

                    བློ་བཟང་གྲགས་པ།

བློ༵་བཟང༵་མཐའ་ཡས་འདུས་པའི་རྣམ་རོལ་ཅན། །

ཐུགས་ཀློང་དམ་ཆོས་འོད་ཁྱབ་ཕ་རྒོད་རྗེ། །

ཝ་ཚོགས་སེང་བཞིན་མུ་སྟེགས་རྩོད་པའི་གཉེན། །

གྲག༵ས་པ༵འི་མཛའ་བཤེས་ཞིང་དེར་ཨེ་མ་ཧོ། །

                     གཟི་དམར་གྱིས་སྦྱར་བ་དགེའོ།

  རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།