རྗེ་ཙོང་ཁ་བའི་བསྟོད་པ་ཙོང་ཁ་བརྒྱད་ཅུ་མར་གྲགས་པ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-19 17:10:38     རྩོམ་པ་པོ།   ཁ་ཆེ་པཎ་ཆེན་པུ་ཎྱ་ཤྲི།    ཀློག་ཐེངས།  

u=4117886034,3736448755&fm=11&gp=0.jpg

གུ་རུ་ཛ་ཡ་བྷ་ཝནྟུ་རྗེ་བཙུན་བླ་མ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་དང་པས་སྐྱབས་སུ་མཆིའོ།།བརྩེ་བ་ཆེན་བོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།།རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ནས།།རྒྱལ་སྲས་ཚུལ་གྱིས་སྙིགས་དུས་གངས་ཅན་འདིར།།རྒྱལ་བའི་བསྟན་པ་རྒྱས་པར་མཛད་པ་ཡི།།རྒྱལ་ཚབ་བླ་མའི་ཞབས་ལ་ཕྱག་འཚལ་ནས།།གཞན་ཕན་དབང་གིས་ཀུན་མཁྱེན་བཙོང་ཁ་བ།།གངས་རིའི་ལྗོངས་འདིར་བྱོན་ནས་ཞིང་གཞན་དུ།།འགྲོ་བའི་དོན་ལ་ཞི་བར་གཤེགས་ཀྱི་བར།།རབ་ཏུ་ངོ་མཚར་རྨད་བྱུང་མཛད་པའི་ཚུལ།།རང་གཞན་དད་པ་འཕེལ་བའི་ཡན་ལག་ཏུ།།ས་མཐའི་བཙུན་པ་བློ་གསལ་རི་ཁྲོད་པས།།སྒྲོ་སྐུར་སྤངས་ཏེ་མདོར་བསྡུས་ཙམ་ཞིག་བརྗོད།།ཕྱོགས་ལྷུང་དོར་ལ་དད་ཅིང་གུས་པས་ཉོན།།སྐལ་ལྡན་པད་ཚལ་རྒྱས་པར་བྱེད་པ་ཡི།།ཆོས་རྗེ་ཉིན་བྱེད་ཞིང་གཞན་གཤེགས་མ་ཐག།དང་ལྡན་ཀུ་མུ་ད་རྣམས་སྐྱོང་བ་ཡིན།།རྣམ་ཐར་གསོལ་འདེབས་ཟླ་བ་ཤར་འདི་ལྟོས།།སྤྲུལ་སྐུའི་འཁྲུངས་ཡུལ་གངས་ཅན་ཤར་གྱི་ཕྱོགས།།མདོ་སྨད་བཙོང་ཁར་མེ་མོ་བྱ་ལོ་ལ།།ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་ཀྱི།།སྲས་སུ་བསམས་བཞིན་འཁྲུངས་པའི་བཙོང་ཁ་པ།།མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།།རྒྱལ་ཚབ་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས།།རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།བཤད་སྒྲུབ་བསྟན་པ་དར་པར་བྱིན་གྱིས་རློབས།།ལོ་གསུམ་ལོན་ཚེ་གྲུབ་ཆེན་ཀརྨ་པ།།རོལ་པའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་མཛད།།ཀུན་དགའ་སྙིང་བོ་ཞེས་བྱར་མཚན་གསོལ་ནས།།ཐུབ་བསྟན་སྒོ་རུ་བཅུག་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།བདུན་པའི་དུས་སུ་དོན་གྲུབ་རིན་ཆེན་དང།།གཞོན་ནུ་བྱང་ཆུབ་ཅེས་བྱའི་མཁན་སློབ་ཀྱིས།།བློ་བཟང་གྲགས་པའི་དཔལ་དུ་མཚན་བཏགས་ནས།།དགྱེས་བཞིན་རབ་བྱུང་མཛད་པའི་བཚོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།བཅུ་དྲུག་བར་དུ་མཁན་བོ་ལ་བརྟེན་ནས།།བཀའ་ལུང་མན་ངག་གཞུང་ལུགས་འགའ་གསན་ཅིང།།བསྙེན་སྒྲུབ་བདག་འཇུག་དུ་མ་མཛད་པ་ལ།།བརྩོན་འགྲུས་ལྷོད་པ་མེད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།རབ་ཏུ་བྱུང་ནས་ཡང་ཡང་མནལ་ལམ་དུ།།མཐུ་སྟོབས་དབང་ཕྱུག་གསང་བདག་གཏུམ་བོ་དང།།རྒྱལ་བ་གཉིས་པ་ཇོ་བོ་ཨ་ཏི་ཤ།།སྐུ་བསྟན་བྱིན་གྱིས་བརླབས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།བཅུ་བདུན་བཞེས་ཚེ་མཁན་བོའི་གསུང་བཞིན་དུ།།དབུས་སུ་བྱོན་ནས་གདན་ས་འབྲི་ཁུང་དུ།།སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་མཇལ་ཏེ།།ཐུགས་བསྐྱེད་ཟབ་ཁྲིད་གསན་པའི་བཙོང་ཁ་པ།།མཆུངས་མེད་ལྡ།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གྲོགས་འགའི་སྟོབས་ཀྱིས་སྐྱིད་ཤོད་གུང་ཐང་དུ།།གསོ་བ་རིག་པའི་སློབ་གཉེར་མཛད་པའི་ཚེ།།རིང་བོར་མི་ཐོགས་འབད་པ་ཆུང་དུ་ཡིས།།འཚོ་བྱེད་གོ་འཕང་ཐོབ་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།བདེ་བ་ཅན་དང་དཔལ་ལྡན་ས་སྐྱ་སོགས།།བཤད་གྲྭ་འགའ་རུ་ལེགས་པར་ཐུགས་སྦྱངས་ནས།།དབུས་གཙང་གཉིས་སུ་དཀའ་བཞིའི་གྲྭ་སྐོར་མཛད།།ཟླ་མེད་མཁས་པར་གྲགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འདུལ་བའི་གཞུང་ལུགས་གསན་ཚེ་འགྲེལ་ཆེན་གྱི།།བཅུ་བདུན་ཙམ་རེ་ཆག་མེད་འཛིན་པ་དང།།སྐབས་སུ་མདོ་ཡི་ཞལ་འདོན་མཛད་པའི་ཚེ།།ཏིང་འཛིན་རྩོལ་མེད་འཁྲུངས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཕར་ཕྱིན་དགོངས་འགྲེལ་རྣམ་བཤད་མཛད་པའི་ཚེ།།གསེར་གྱི་ཁ་དོག་ལྟ་བུའི་ཡི་གེའི་ཚོགས།།ནམ་མཁའི་ཁམས་ཀུན་ཁྱབ་པར་གཟིགས་པ་ཡིས།།ཡུམ་དོན་ཐུགས་སུ་ཆུད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།རྒྱ་བོད་མཁས་པའི་གཞུང་ལུགས་ཐམས་ཅད་ལ།།ཕྱོགས་རིས་མེད་པར་རྒྱུན་དུ་སྦྱངས་པ་ཡིས།།རང་གཞན་གྲུབ་མཐའ་རྒྱ་མཆོའི་མཐར་སོན་ནས།།འཆད་རྩོད་རྩོམ་པ་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཚུལ་ཁྲིམས་རིན་ཆེན་ཤེས་རབ་མགོན་བོ་དང།།བསོད་ནམས་རྡོ་རྗེ་དད་དགེར་བཅས་པ་ལས།།བསྙེན་པར་རྫོགས་ནས་ཇི་ལྟར་ཞལ་བཞེས་བཞིན།།འདུལ་ཁྲིམས་མཐའ་དག་སྲུང་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།།བྱང་སེམས་བསླབ་པའི་མི་མཐུན་ཕྱོགས་སྤ}ང་ཞིང།།བདག་པས་གཞན་གཅེས་འབྱོངས་པའི་སྙིང་རྗེ་ཡིས།།གཞན་ཕན་འབའ་ཞིག་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྔོན་ཆེ་བྲམ་ཟེའི་ཁྱེའུ་འཁྲུངས་པའི་དུས།།རང་གི་སྟོན་པ་ཤཱཀྱ་ཐུབ་པ་ལ།།ཤེལ་དཀར་འཕྲེང་བ་དྲི་མེད་ཕུལ་བྱས་ཏེ།།དང་པོར་ཐུགས་བསྐྱེད་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།།།རང་གཞན་XX།།རང་གཞན་XX།།རྒྱུད་སྡེའི་སྙིང་བོ་སྨིན་བྱེད་དབང་ཐོབ་ནས།།གྲོལ་བྱེད་ལམ་གྱི་རྣལ་འབྱོར་སྒོམ་པ་ན།།རིག་འཛིན་སྡོམ་པའི་བཅས་མཚམས་མི་འདའ་བར།།དབང་དོན་ཉམས་སུ་ལེན་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།མདོ་རྒྱུད་དགོངས་འགྲེལ་བཅས་པ་ཐམས་ཅད་ལ།།སྲ}ལ་འབྱེད་སོ་སའི་དགོངས་པ་ཇི་ལྟ་བར།།ཐོས་བསམ་སྒོམ་པའི་ཚུལ་གྱིས་སྦྱངས་པ་ཡིས།།གཞུང་ལུགས་གདམསཔར་ཤར་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།མཚན་ཉིད་ལྡན་པའི་བླ་མ་དུ་མ་ལ།།ཡོངས་སུ་དག་པའི་བརྒྱུད་པ་ཐམས་ཅད་ཀྱི།།དབང་ལུང་གཞུང་བཤད་མན་ངག་ཕལ་མོ་ཆེ།།སོ་སོར་གཏུགས་ནས་གསན་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྡེ་སྣོད་གསུམ་གྱི་བརྗོད་བྱ་ཐུགས་ཆུད་ནས།།བསླབ་པ་གསུམ་གྱིས་རང་གི་རྒྱུད་སྦྱོང་ཞིང།།བསྡུ་བ་བཞི་ཡིས་གཞན་དོན་མཛད་བ་ཡིས།།སྟོན་པའི་བསྟན་པ་འཛིན་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དབུ་མ་པ་ཡིས་བར་དུ་མཚམས་སྦྱར་ཏེ།།འཇམ་པའི་དབྱངས་ལ་དྲི་བ་ཞུས་པ་ཡིས།།ཤིན་ཏུ་རྟོགས་དཀའི་ཟབ་པའི་གནད་རྣམས་ཀྱི།།ཐེ་ཚོམ་དྲ་བ་ཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།རྒྱལ་སྲས་གཞོན་ནུས་གནས་སྐབས་ཐམས་ཅད་དུ།།དངོས་སུ་གདམས་ངག་འདོམས་པའི་བཤེས་གཉེན་ལ།།བརྟེན་ནས་ཡི་དམ་ཉིད་ལ་ཞུས་པ་ཡིས།།སྙན་བརྒྱུད་གདམས་པའི་གཏེར་མཛད་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དམར་སེར་གུར་གུམ་མདོག་ཅན་འཇམ་པའི་དབྱངས།།དགའ་བ་གདོང་དུ་བསྒྲུབས་ཚེ་ཞལ་གཟིགས་ཤིང།།ནམ་འདོད་གསོལ་བ་བཏབ་ན་མཐོང་ངོ་གསུང།།ལྷག་པའི་ལྷ་ཡིས་རྗེས་བཟུང་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།རྗེ་བཙུན་བཀའ་ཡས་བསྐུལ་བར་གྱུར་མ་ཐག།ཚེ་འདིའི་བྱ་བ་མ་དག་རིང་སྤངས་ནས།།ཕྱི་མ་དོན་གཉེར་འཁོར་དང་ལྷན་ཅིག་ཏུ།།དབེན་པར་སྒྲུབ་ལ་གཤེགས་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།།་ཆོས་ལུང་དགོན་པར་ཐུགས་དམ་མཛད་པའི་ཚེ།།རྒྱུན་དུ་སངས་རྒྱས་སུམ་ཅུ་སོ་ལྔ་ཡིས།།ཚོགས་གསོག་སྒྲིབ་པ་སྦྱོང་བའི་རྟེན་མཛད་དེ།།དག་པའི་འཁོར་ལ་གསུངས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དེ་ཚེ་སངས་རྒྱས་སྨན་པའི་རྒྱལ་བོ་དང།།འཆི་མེད་དཔལ་སྟེར་མགོན་བོ་ཚེ་དཔག་མེད།།གཅིག་ཏུ་འགྲོ་ལ་བརྩེ་བའི་བྱམས་པ་རྣམས།།ཡང་དང་ཡང་དུ་གཟིགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།རྒྱ་སོག་ཕུ་རུ་རྗེ་བཙུན་འཇམ་དབྱངས་ལ།།སངས་རྒྱས་བྱང་སེམས་རྒྱན་དྲུག་མཆོག་གཉིས་དང།།གྲུབ་ཆེན་དུ་མས་བསྐོར་བ་གཟིགས་པ་ཡིས།།ལེགས་ཚོགས་རྟེན་འབྲེལ་འགྲིག་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འཇམ་དཔལ་ཐུགས་ཀའི་ཕྱག་མཚན་རལ་གྲི་ལས།།བརྒྱུད་ནས་ཉིད་ཀྱི་ཐུགས་ཀར་བབས་པ་ཡི།།དཀར་སེར་བདུད་རྩིའི་རྒྱུན་གྱིས་སྐུ་གང་བས།།ཟག་མེད་བདེ་བ་འབར་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དེ་དུས་མཁྱེན་དང་མི་མཁྱེན་སྐྱེ་དགུའི་ཚོགས།།བདུད་རྩི་འདོད་པ་དཔག་མེད་སྣང་བ་ལ།།འགའ་ཡིས་མ་ཐོབ་ལ་ལས་ཅུང་ཞིག་མྱ}ང།།ཕལ་ཆེར་ཚིམ་པར་གཟིགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྒྲུབ་གནས་མཆོག་དེར་ཆོ་འཕྲུལ་མཆོད་པའི་དུས།།རང་རང་ཕྱོགས་ཀྱི་མདོག་ཅན་སངས་རྒྱས་རྣམས།།ནམ་མཁའ་ཁམས་ཀུན་ཁྱབ་པར་བཞུགས་པ་ཡིས།།མཆོད་རྫས་བཞེས་པ་གཟིགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གནས་དར་བཟོད་པར་དཀའ་བའི་གཟི་བརྗིད་ཅན།།རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་རྫོགས་པའི་སྐུ།།ཞལ་གཟིགས་ཕྱིན་ཆད་ནམ་ཡང་ཆག་མེད་དུ།།ལམ་དུས་དབང་བཞི་ནོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འཇམ་དབྱངས་བཀའ་བཞིན་རྫིང་ཕྱིའི་གཙུག་ལག་ཁང།།གསོས་ནས་རབ་གནས་མཛད་པའི་དུས་ཀུན་ཏུ།།རང་རང་ཡེ་ཤེས་སེམས་དཔའི་ཚོགས་བྱོན་ནས།།སོ་སོར་ཐིམ་པ་གཟིགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ལྷ་བཟོས་སངས་རྒྱས་སུམ་ཅུ་སོ་ལྔ་ཡི།།སྐུ་མདོག་ཕྱག་མཚན་འདྲི་ཚུལ་མ་ཤེས་པར།།ཞུས་པས་གསོལ་བ་བཏབ་ཆ་རིམ་པ་ལྟར།།དངོས་སུ་བྱོན་བཞིན་བསྟན་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ།།གསང་བའི་བདག་བོའི་སྙན་བརྒྱུད་གདམས་ངག་དང།།མདོ་རྒྱུད་ལམ་གྱི་རིམ་པ་གསན་པ་ཡིས།།བརྒྱུད་པའི་བཀའ་བབས་ཐོབ་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཙ་ར་བསྐོར་ནས་གཉལ་དུ་བྱོན་པའི་ཚེ།།མེ་ལའི་ལ་རྩེར་རྗེ་བཙུན་བྱམས་མགོན་གྱིས།།ཐུབ་བསྟན་འཛིན་ལ་ཐུབ་པའི་དབང་བོ་ལྟར།།ལུང་བསྟན་མངོན་དུ་གྱུར་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སེང་གེ་རྫོང་དུ་སྦྱོར་དྲུག་གནད་རྣམས་ལ།།ཞིབ་ཏུ་དཔྱད་པས་ཐུགས་སུ་ཆུད་པའི་ཚེ།།དུས་འཁོར་དཔའ་གཅིག་གསེར་གྱི་མདོག་ཅན་གྱིས།།ཟླ་བཟང་ལྟ་བུར་བསྔགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གཉལ་དུ་དབྱངས་ཅན་ལྷ་མོས་མནལ་ལམ་དུ།།དགུང་ལོ་འདི་ཙམ་ཞིག་ཐུབ་དེ་ཡི་བར།།གཞན་ཕན་འཕྲིན་ལས་དཔག་མེད་འབྱུང་ངོ་ཞེས།།ཕྱིས་འབྱུང་ལུང་བསྟན་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དྭགས་བོ་ལྷ་སྡིངས་དགོན་པར་མནལ་ལམ་དུ།།འཕགས་པ་ཡབ་སྲས་ལྔ་ཡི་རྗེས་བཟུང་ཞིང།།ཉིན་པར་བུདྡྷ་པའ་ལི་ཏ་གཟིགས་པས།།ལྟ་བའི་སྒྲོ་འདོགས་ཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གཞན་ཡང་དབེན་གནས་དུ་མར་འཇམ་དབྱངས་ཀྱིས།།འདི་དང་འདི་འདྲ་བའི་བསྟན་བཅོས་རྩོམས་ཤིག་དང།།བསྟན་དང་འགྲོ་ལ་ཕན་པ་འབྱུང་ངོ་ཞེས།།གསུངས་ནས་བཀའ་བཞིན་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྥརུལ་པའི་ལྷ་ཁང་རས་འཕྲུལ་སྣང་དུ།།ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་སྤྱན་དྲངས་ནས།།ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལྟ་བུ་ཡི།།དཔག་མེད་མཆོད་པས་མཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་བཞིན་ལྡ།།རང་གཞན་XX།།དང་བའི་མཚོ་ནང་རྒྱུ་སྐར་གཟུགས་བརྙན་བཞིན།།མཆོད་ཡུལ་ལྷ་རྣམས་དངོས་སུ་སྣང་བ་ལ།།གང་ཤར་བདེ་སྟོང་རྒྱ་ཡིས་ཐེབས་པ་ཡི།།བླ་མེད་མཆོད་པས་མཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་བཞིན་ལྡ།།རང་གཞན་XX།།ས་སྐྱོང་རྗེ་བློན་རྣམས་ཀྱིས་གསོལ་བཏབ་ནས།།ཐར་འདོད་འགྲོ་བ་འབུམ་ཕྲག་དུ་མ་དང།།ལྷ་སར་རླབས་ཆེན་སྨོན་ལམ་མཛད་པ་ཡིས།།བོད་ཁམས་བདེ་ལ་བཀོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འོལ་ཁར་ལྷ་དང་བླ་མས་རྨི་ལམ་དུ།།བུམ་ཆུ་བསྟབས་ཤིང་གླགས་བམ་གཏད་པ་སོགས།།རྒྱུད་དོན་རྟོགས་ཤིང་གྲོལ་དུ་རུང་བ་ཡི།།ལྟས་དང་མཚན་མ་གཟིགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྐྱེས་མཆོག་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད།།བསྲེ་འཕོ་མཚམས་སྦྱོར་གཉིས་ཀྱི་གནད་རིག་པས།།བླ་མེད་རྒྱུད་དོན་མཐའ་དག་རྟོགས་པ་ཡིས།།ཉམས་ལེན་གནད་ལ་མཁས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ས་མོ་གླང་ལ་དགའ་ལྡན་དགོན་པ་བཏབ།།སྟག་ལོ་ནས་བཟུང་ས་མོ་ཕག་གི་བར།།གྲུབ་པའི་གནས་དེར་ཆོས་འཁོར་བསྐོར་བ་ཡིས།།ཐུབ་བསྟན་འཛིན་སྐྱོང་སྤེལ་བའི་བཙོང་ཁ་པ།།མཚུངས་མེད།ལྡ།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འབྲོག་རིར་ཐུགས་དམ་མཛད་ཚེ་མནལ་ལམ་དུ།།འོད་ཀྱི་རང་བཞིན་ཨེ་ཝཾ་ཡི་གེ་གཉིས།།རྩ་གསུམ་དབུ་མར་ཐིམ་ནས་འབྲེལ་མེད་དུ།།བདེ་སྟོང་རྒྱུན་ཆད་མེད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།འབྲུག་གི་ལོ་ལ་བསྙུང་བའི་ཚུལ་བསྟན་ཚེ།།གསེར་རི་ལྟར་བརྗིང་སྟོན་པ་བཅོམ་ལྡན་འདས།།དངོས་སུ་བྱོན་པ་རང་ལ་བསྟིམ་པ་ཡིས།།དབྱེར་མེད་གཅིག་ཏུ་གྱུར་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྙུན་ལས་མ་གྲོལ་དེ་སྲིད་སྐབས་སྐབས་སུ།།སྒྲོལ་མ་རྣམ་རྒྱལ་གདུགས་དཀར་འོད་ཟེར་ཅན།།ལ་སོགས་ཡི་དམ་དུ་མའི་ཞལ་གཟིགས་ཤིང།།ཉམས་རྟོགས་ལྷག་པར་འཕེལ་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཁྱད་པར་གསང་བདག་འཁོར་ལོ་ཆེན་བོ་དང།།ཁྲོ་བོའི་དབང་བོ་རྡོ་རྗེ་འཇིགས་བྱེད་གཉིས།།ཡང་ཡང་བྱོན་ནས་གསོལ་བ་བཏབ་པ་བཞིན།།སྐུ་ཚེའི་བར་ཆད་སེལ་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དེ་དུས་ཆོས་སྐྱོང་མགོན་བོ་འཁོར་བཅས་ཀྱིས།།ནད་དང་བར་ཆད་འབྱུང་བོ་བསྒྲལ་མ་ཐག།ཕྱི་རུ་བདུད་སྡེ་དཔུང་བཅས་ཕམ་མོ་ཞེས།།སྒྲ་སྐད་གཞན་གྱིས་ཐོས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྟོབས་ལྡན་ཕྱག་དྲུག་པ་དང་ཕྱག་བཞི་པ།།གུར་གྱི་མགོན་བོ་རྣམ་ཐོས་སྲས་ལ་སོགས།།བསྟན་སྲུང་དུ་མས་རང་རང་གཟུགས་བསྟན་ནས།།འཕྲིན་ལས་སྣ་ཚོགས་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཁྱད་པར་དུ་ཡང་ལས་ཀྱི་གཤིན་རྗེ་ཡིས།།སྣ་ཚོགས་གཟུགས་ཀྱིས་དུ་མའི་གཏམ་གླང་ཞིང།།ཅི་གསུང་བཀའ་ལས་ནམ་ཡང་མི་འདའ་བ།།བཞེད་དོན་མཐའ་དག་སྒྲུབ་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དུས་ལ་བབ་ཚེ་སྐལ་ལྡན་གྲངས་མེད་ལ།།བཀའ་ལུང་གཞུང་བཤད་ཟབ་འཁྲིད་མན་ངག་རྣམས།།རང་རང་བློ་དང་འཚམ་པར་བསྟན་པ་ཡིས།།་གདུལ་བྱའི་རེ་འདོད་སྐོང་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དམ་ཆོས་བཀའ་དྲིན་ཐོབ་པའི་འཁོར་མང་ཡང།།ལྷུན་བོའི་དྲུང་ན་གསེར་གྱི་རི་བདུན་ལྟར།།འགྲན་ཟླས་དབེན་པའི་ཐུགས་སྲས་བདུན་འབྱུང་ཞེས།།ཡི་དམ་ལུང་བསྟན་ཐོབ་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།སྐྱེ་དགུའི་ཕན་བདེའི་རྩ་བ་སྡོམ་པ་གསུམ།།ལེན་ཅིང་སྲུང་དང་ཉམས་ན་འཆོས་བའི་ཚུལ།།མིང་ཙམ་སྣང་ཡང་ཕལ་ཆེར་ཉམས་པའི་ཚེ།།ཕྱོགས་འདི་གསར་འཛུགས་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།མཚན་ཉིད་ཐེག་པའི་གཞུང་ལུགས་ཐམས་ཅད་ཀྱི།།བརྗོད་བྱ་བསྡུས་ནས་ཉམས་སུ་ལེན་པའི་ཚུལ།།སྐྱེས་བུ་གསུཾ་གྱི་ལཾ་གྱི་རིམ་པ་ཡིས།།གོང་ནས་གོང་དུ་འཁྲིད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གསང་སྔགས་རྒྱུད་སྡེ་བཞི་ཡི་བརྗོད་བྱའི་དོན།།ལེགས་པར་བསྡུས་ནས་ཉམས་སུ་ལེན་པའི་ཚུལ།།རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་ཡིས།།སྐལ་ལྡན་སྨིན་གྲོལ་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།ཁྱད་པར་པ་རྒྱུད་གསང་བ་འདུས་པ་དང།།མ་རྒྱུད་བདེ་མཆོག་འཁོར་ལོ་ལ་སོགས་པའི།།བཤད་སྒྲུབ་ཉམས་བ་ལེགས་པར་གསོས་བྱས་ཏེ།།དར་ཞིང་རྒྱས་པར་མཛད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དེ་ནས་ཕག་ལོ་ཟླ་བ་བཅུ་པ་ཡི།།མར་ངོའི་ཆོས་བཅུའི་སྔ་དྲོའི་དུས་ཀྱི་ཚེ།།ངོ་མཚར་ཆོ་འཕྲུལ་དུ་མའི་ཚོགས་བསྟན་ནས།།དགའ་ལྡན་གནས་སུ་གཤེགས་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།དེ་ཚེ་བསྟན་འཛིན་དགེ་འདུན་ཚོགས་རྣམས་ཀྱིས།།ཉིད་སྐུའི་རྣམ་པ་ཐ་དད་སྣང་བ་ལ།།དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང།།སྒྲུབ་པའི་མཆོད་པས་མཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།མྱ་ངན་འདས་ཚེ་ནང་གི་རྟེན་འབྲེལ་གྱིས།།ཕྱི་རུ་ཕལ་ཆེར་ནམ་མཁའ་གཡའ་དག་ཅིང།།ཉི་ཟླའི་འོད་གསལ་གྲང་དྲོ་སྙེམས་པ་སོགས།།ཡུལ་སྣང་ཀུར་བར་མཛད་བའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།གཞན་ཡང་མེ་ཏོག་སྣ་ཚོགས་ཆར་པ་དང།།སྐབས་འགར་འཇའ་འོད་འཁྲུགས་པས་བར་སྣང་ཁྱབ།།ལྷ་སར་ལྷ་ཡི་རོལ་མོའང་གྲག་པ་ཡིས།།སྲིད་གསུམ་མཆོད་པས་མཆོད་པའི་བཙོང་ཁ་པ།།མཚུངས་མེད་XX།།རྒྱལ་ཚབ་XX།།རང་གཞན་XX།།རང་གཞན་XX།།མཐོང་ཐོས་དྲན་རེག་སྐྱོབ་པར་ནུས་པ་ཡི།།ཉིད་ཀྱི་སྐུ་གདུང་རིལ་བོར་བཞུགས་པ་ལ།།མཆོད་བསྟོད་གསོལ་བ་འདེབས་པ་ཐམས་ཅད་ཀྱང།།མཐོ་རིས་ཐར་པར་འདྲེན་པའི་བཙོང་ཁ་པ།།་མཚུངས་མེད་ཆོས་རྗེའི་ཞབས་ལ་ལྡ།།བྱཾས་མགོན་སྤྲུལ་པའི་སྐུ་ཡིས་བྱིན་ལྡ།།རང་གཞན་སྨིན་ཅིང་གྲོལ་བར་བྱོན་ལྡ།།བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།།རྒྱལ་བའི་རྒྱལ་ཚབ་དཔལ་ལྡན་བླ་མ་ལ།།སླར་ཡང་སྒོ་གསུམ་གུས་པས་ཕྱག་འཚལ་ནས།།དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དབུལ།།སྔར་བསགས་སྡིག་པ་ཐམས་ཅད་སོ་སོར་བཤགས།།དགེ་བ་སྒྲུབ་པ་ཀུན་ལ་ཡི་རང་དོ།།གྲངས་མེད་འགྲོ་ལ་ཆོས་འཁོར་བསྐོར་དུ་གསོལ།།གར་བཞུགས་མྱ་ངན་མི་འདའ་གསོལ་བ་འདེབས།།འདིར་འབད་དགེ་བ་བྱང་ཆུབ་ཆེན་བོར་བསྔོ།།ཞེས་པ་འདི་ནི་འདྲེན་མཆོག་ཆོས་ཀྱི་རྗེ།།འཇིག་རྟེན་འདི་ནས་ཞིང་གཞན་གཤེགས་པ་ཡི།།བདུན་ཕྲག་གསུམ་པ་ཚེས་པ་བཅོ་ལྔའི་ཉིན།།དགེ་འདུན་ཚོགས་ནས་གསོ་སྦྱོང་མཛད་པའི་ཚེ།།སྡེ་སྣོད་འཛིན་པ་གཞན་གྱིས་བསྐུལ་བའི་ངོར།།ས་མཐའི་བཙུན་པ་བློ་གསལ་རི་ཁྲོད་པ།།འཇམ་དབྱངས་ཁ་ཆེ་པཎ་ཆེན་པུ་ཎྱ་ཤྲིའས།།དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀོད།།།། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།