འོལ་ཁ་ཆོས་ལུང་དུ་བཞུགས་པའི་རྗེའི་རྡོའི་མཎྜལ།
རྗེ་བླ་མ་དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁ་ཆོས་ལུང་དུ་དཔོན་སློབ་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་བསག་སྦྱང་ལ་ཤིན་ཏུ་འགྲུས་པར་མཛད་ཅིང་། རྗེ་རང་གིས་ཀྱང་། ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ་དང་།མཎྜལ་འབུལ་བ་སོགས་རྒྱུན་མི་ཆད་དུ་མཛད་པས་ཕྱག་སོར་གྱི་རྩེ་རྣམས་སེར་གར་སོང་ཞིང་། རྡོའི་མཎྜལ་ལ་བརྟེན་པས་ཕྱག་ངར་ཀྱང་བརྡོལ་བ་སོགས་བྱུང་རུང་ད་དུང་ཇི་སྙམ་དུ་མི་མཛད་པར་དཔག་པར་དཀའ་བའི་བརྩོན་འགྲུས་དྲག་པོ་མཛད་གསུངས་པའི་རྡོའི་མནྜལ་ཏེ་ད་ལྟ་འོལ་ཁ་ཆོས་ལུང་དུ་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn