དཔའ་བོ་འཇའ་ཚོན་མའི་བྱོན་ལེགས་དང་བཞུགས་གསོལ་མཆོད་བསྟོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-15 08:39:55     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     786318601244358722.jpg

         དཔའ་བོ་འཇའ་ཚོན་མའི་བྱོན་ལེགས་དང་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་ནི། ཧེ་རུ་ཀ་ཡི་ཕོ་བྲང་ནས། །འཁོར་ལོ་བདེ་མཆོག་ཡབ་ཡུམ་ནི། །འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཐོད་པའི་དུམ་བུ་ཡབ་ཡུམ་གྱི། །སྐུ་ལོ་ངོ་མཚར་ལྟས་མང་གིས། །བརྒྱན་ནས་འདིར་ནི་བྱོན་པ་ལེགས། །ཨེ་མ་ཧོ་བདག་ཅག་གདུལ་བྱ་རྣམས། །ཤིན་ཏུ་ཚོགས་བསགས་སྐལ་བར་ལྡན། བདག་ཅག་རྣམས་ཀྱི་ལྷག་བསམ་གྱིས། །བསྒྲུབས་པའི་རབ་འབྱམས་མཆོད་པའི་སྤྲིན། །བཞེས་ནས་གནས་མཆོག་འདི་ཉིད་དུ། །འཁོར་བ་ཇི་སྲིད་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ནི་ཏིཥྠ་ན་ཏུ་སྭཱཧཱ། །ཞེས་བརྗོད་ནས་སྔར་ལྟར་མཆོད་པ་དང་བསྟོད་པ་རྗེས་སུ། དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་ཀུན་དང་། །ཁྱད་པར་དཔའ་བོ་འཇའ་ཚོན་མ། །ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །ཡིད་འཕྲོག་ཐོབས་ཤེས་མཉམ་པར་སྦྱར་བ་ལས། །རབ་མཆོག་ཙཎྜ་ལ་ནི་སྦར་བ་ཡིས། །བཞུས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལས། །འཁྲུངས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །ཡང་ཡང་མྱངས་པས་ཤིན་ཏུ་དྲག་པོ་ཡི། །སྔོན་བསགས་ལས་སྒྲིབ་རྩ་བ་དང་བཅས་པ། །དུམ་བུར་བཤིག་ནས་ཟད་པའི་མཐར་བྱེད་པའི། །ནུས་པ་མཆོག་གྱུར་བདག་ལ་སྩལ་དུ་གསོལ། །ཨ་ལ་ལ་སོགས་དང་། ཨོཾ་ཀ་ར་ཁཎྡ་ཀ་པཱ་ལ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙ་ཎྜེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་དཔའ་བོ་ཡབ་ཡུམ་གྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །ཅེས་པའང་ཆོས་རྗེ་ཉིད་ཀྱིས་མཛད་པའོ། །

                                                                                                    རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།