མ་གཅིག་དབོན་པོ་ལ་གདམས་པ་ཚིག་ལྷུག་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 12:17:56     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     772128617243945347.jpg

           དབོན་པོ་ཁམས་སྙོམས་ལམ་བདེ་བར་བྱས་ཏེ། འཇིག་རྟེན་གྱི་མིག་ཏུ་གྱུར་པ་མཁན་པོ་ཡེ་ཤེས་སྡེའི་གདམས་པ་དང་རྗེས་སུ་བསྟན་པ་རྣམས་འབད་པས་བསྒྲུབས་ཏེ་ཁྱེར་འོངས་པ་བདག་གི་སུག་པར་ཕྱིན་པས་ཟང་ཟིང་མེད་པའི་དགའ་བ་འཕེལ། འདིར་ཁ་སང་མཚམས་གློང་པ་ཡུན་རིངས་པས་རེ་ཞིག་མཚམས་དམ་པའི་ཡི་དམ་བརྟན་རབ་ཅིག་བགྱིས་བདོག ལར་ཡང་འོང་བར་ངེས་པའི་འཆི་བ་མི་དྲན་ཞིང་ལས་དང་འབྲས་བུའི་ཚུལ་ལ་ངེས་པ་མི་བརྟན་པས་ལུས་འདུ་འཛི་དང་སེམས་ལ་སྟོབས་མེད་པ་ཉེས་ལྟུང་གི་གོ་སྐབས་དུ་མ་བྱེ་བར་འགྱུར་ཞིང་། དེའི་ཚེ་ཇི་ལྟ་བུ་ཡིན་དྲན་པར་མ་ནུས་ནའང་། གཅིག་ཏུ་ཚུལ་བཞིན་དུ་སེམས་པ་ཐན་ཐུན་བྱུང་བའི་ཚེ། གཉིས་སུ་མེད་པར་གསུང་བ་བདེན་པ་གསུང་བ་གཞན་དུ་མི་གསུང་བའི་སྟོན་པ་དེའི་རྗེས་སུ་བསྟན་པ་དྲན་པ་ན། བདག་གི་འགྲོ་བ་ནི་ཅི་འདྲ་ཞིག་ཏུ་འགྱུར་ཞིག་གུ་སྙམ་ནས་འགྱོད་པ་དྲག་པོ་སྐྱེ་བར་སྣང་བས་ནང་དུ་ཉལ་བ་ལྷུར་བླངས་པར་སྒོམ་པ་ཡིན། །ཁྱེད་རང་ཡང་བདག་ནི་སྡིག་པ་མ་བྱང་བར། སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་པར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གང་གསུངས་པའི་དོན་ཡིད་ལ་བྱེད་པ་མ་ཉམས་པར་བགྱིས་ཏེ། ཡིད་བརྟན་སྐད་ཅིག་ཀྱང་མི་རུང་བའི་ལུས་ལ་སྙིང་པོ་བླང་བ་ལ་འབོད་མཛོད། ཅེས་མཚམས་ནང་ནས་ཡི་གེར་བྲིས་ཏེ་མ་གཅིག་དབོན་པོ་ལ་གནང་བའོ། །

                     རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།