ཆེད་བསྒྲིགས། བླ་མ་ཙོང་ཁ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 18:50:51     རྩོམ་པ་པོ།   འབོར་ཡིག་རྫི།    ཀློག་ཐེངས།  

IMG_4271.JPG

དབུ་སྐྲ་ནག་པོར་གྱུར་བའི་གྲྭ་བ་ཞིག།

བླ་གོས་ཐེད་པོ་གྱོན་ཏེ་ས་མཐར་ཕེབས།།

ཕྱག་ཟུང་ཐལ་མོ་སྦྱར་བའི་དད་སྟོབས་ལས།།

སྤྱན་ཟུང་གངས་ལ་གཟིགས་པ་ཙོང་ཁ་བ།།

 

ཤཱཀྱའི་རྒྱུད་འཛིན་བྱེད་པའི་དགེ་བཤེས་ཤིག།

སྒྲུབ་པ་ཉམས་སུ་ལེན་ཞིང་དབེན་དུ་བཞུགས།།

ཉེ་རིང་ཆགས་སྡང་བྲལ་བའི་མཁས་པ་དེ།།

བྱམས་ཀྱི་གཟིགས་པའི་བླ་མ་ཙོང་ཁ་བ།།

 

རྒྱལ་བོའི་ཆོས་དུང་དཀར་པོ་ཕྱག་ཏུ་བསྣམས།།

ཞབས་རྗེ་ཏེ་སེའི་རྩེ་རུ་བཞག་པའི་དཔལ།།

གསུང་དབྱངས་ཡར་ཀླུང་གཙང་བོ་སྒྲ་དང་མཉམ།།

གང་གཱའི་དབུས་སུ་བཞུགས་པའི་ཙོང་ཁ་བ།།

 

ཉི་མའི་འོད་མདངས་བསྣམས་པས་དགེ་བཤེས་ཤིག།

ལུང་རྟོགས་གསེར་ཡིག་བྲིས་ཤིང་བདེན་མཐའ་གསལ།།

གནམ་འདེགས་ཀ་བ་འཁུར་ཞིང་ལམ་སྲོལ་གཏོད།།

དེ་ནི་རྒྱལ་བ་གཉིས་པ་ཙོང་ཁ་བ།།

 

ཆོས་ཀྱི་གསེར་ཏོག་འཛིན་པའི་གྲྭ་བ་ཞིག།

སྲིད་ཀྱི་བ་དན་འཛིན་པའི་གྲྭ་བ་ཞིག།

ཆོས་སྲིད་ཟུང་གི་བདག་པོ་གཉེན་གཅིག་པུ།།

རྨོངས་མུན་སེལ་བའི་བླ་མ་ཙོང་ཁ་བ།།

 

 

༢༠༡༦/༡༠/༢༥ ཉིན་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ།  ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་གདུང་མཆོད་ལ་བྲིས་པ་དགེའོ།།

 

 

                                                        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                 
 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
 
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།