རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་དང་དྲི་བ་དྲི་ལན་མཛད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 08:05:58     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་སྤྲེལ་ལོའི་སྟོན་དེར་བླ་མ་དབུ་མ་པ་དང་ལྷན་ཅིག་དབུས་ཀྱི་དགའ་བ་གདོང་དུ་ཕེབས། ལྷ་སར་ཇོ་བོ་རིན་པོ་ཆེ་ལ་ཕྱག་མཆོད་གསོལ་འདེབས་ལེགས་པར་མཛད། དགའ་བ་གདོང་དུ་སློབ་མ་གཅིག་ཀྱང་མེད་པར་དཔོན་སློབ་གཉིས་སྐུ་མཚམས་དམ་པར་བཅད་ནས་བཞུགས། གཉིས་པོའང་གཟིམས་ཁང་སོ་སོར་མཛད་ནས་གསོལ་ཇ་སོགས་ལ་འཚོག་པ་མཛད་ཅིང་། གསོལ་ཇ་བཞེས་པའི་སྐབས་སུའང་བླ་མ་པས་ལོ་ཙཱ་མཛད་ནས་རྗེ་བཙུན་ལ་ཆོས་མང་དུ་གསན་ཅིང་དྲི་བ་དཔག་ཏུ་མེད་པ་མཛད། ཁྱད་པར་སྟོང་ཉིད་ཀྱི་སྐོར་གཙོ་བོར་ཞུས་ཤིང་། དེ་དུས་བོད་ཀྱི་མཁས་པ་ཕལ་ཆེ་བའི་བཞེད་པ་ལ། ཀུན་རྫོབ་ཀྱི་སྣང་བ་འདི་ཀུན་འཁྲུལ་བའི་སྣང་བ་ཡིན་པས་གཞན་ངོར་ཁས་ལེན་པ་ཙམ་མ་གཏོགས་རང་ལུགས་ལ་ཅི་ཡང་མེད་པའི་སྟོང་སང་ཡིན། དེའི་ཕྱིར་ཡོད་མེད་གང་དུ་ཡང་འཛིན་རྒྱུ་མེད། ཁས་ལེན་རྒྱུ་མེད།

        སྒོམ་པའི་ཚེ་ཡང་ཅི་ཡང་མི་རྟོག་པར་སེམས་མཉམ་པར་བཞག་ན་སྟོང་ཉིད་བསྒོམས་པ་ཡིན་ཟེར་ལ། དེ་ལས་གཞན་དག་གིས་རང་རང་གི་བློས་དཔྱད་དེ་འཆད་ཚུལ་དུ་མ་ཡོད་ཀྱང་དེ་ཀུན་གྱིས་སྟོང་ཉིད་ཀྱི་དོན་གོ་བ་མིན། འཁྲུལ་བ་འབའ་ཞིག་ཏུ་འདུག་གོ དེ་དུས་རྗེ་འདིའི་ཐུགས་ལ་ཡང་གོང་གི་ཅི་ཡང་མེད་པའི་ལྟ་བ་དེ་ཅུང་ཟད་བདེ་བ་ཙམ་ཡོད་པས། དེ་ཉིད་ཞུས་ནས། ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་དྲིས་པ་ལ། གང་ཡང་མིན་གསུང་། དེ་གཉིས་དྲིས་པའི་རྒྱུ་མཚན་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའི་དགོངས་པ་ལ་གྲུབ་མཐའ་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཞི་ལས་དབུ་མ་བ་ལ་ཡང་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཡོད་ཅིང་། དེ་དག་ལས་ཐལ་འགྱུར་བའི་ལྟ་བ་ནི་ཟབ་དོན་དྲི་མ་མེད་པ་ཡིན་ལ། གཞན་རྣམས་ནི་གདུལ་བྱ་བློ་དམན་རྣམས་ཁ་དྲངས་པའི་ཕྱིར་དུ་གསུངས་པའི་དགོངས་པ་ཅན་ནོ། །

        རྗེ་འདིས་བོད་ཀྱི་བླ་མ་རྣམས་ཀྱི་ལྟ་བ་ནི་དེ་གཉིས་གང་ཡིན་ཞུས་པ་ལ། འཇམ་པའི་དབྱངས་ཀྱིས་གཏན་མིན་གསུང་འདུག་གོ །དེས་ན་རྗེ་འདི་མ་བྱོན་གོང་དུ་བོད་དུ་སྟོང་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་བླ་མ་ཤིན་ཏུ་ཉུང་བར་ངེས་སོ། །དེའི་ཚེ་འཇམ་དབྱངས་ཀྱིས། སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ལ་ཉེ་རིང་གཏན་ནས་བྱེད་མི་ཉན། ཁྱད་པར་སྣང་བ་ལ་རྩིས་སུ་བྱེད་དགོས་ཞེས་ཡང་ཡང་གསུངས་ཤིང་། མདོར་ན་ཀུན་རྫོབ་ཏུ་སྣང་བ་འདི་ཀུན་བསླུ་མེད་དུ་གྲུབ་འདུག་པ་ལ། འཁྲུལ་ངོ་ཙམ་མ་གཏོགས་དོན་ལ་ཅི་ཡང་མེད་ཅེས་པའི་ལྟ་བ་འདི་ནི། ལས་འབྲས་ཀྱང་མེད། སྐྱེ་བ་སྔ་ཕྱི་ཡང་མེད་ཅེས་ཀུན་ལ་ལོག་པར་བཟུང་བའི་ཆད་ལྟ་འདི་ལ་དབུ་མའི་ལྟ་བ་མཆོག་ཏུ་འཁྲུལ་པ་དེ་ཉིད་འགོག་པའི་ཆེད་དུ་འཇམ་པའི་དབྱངས་ཀྱིས་ནན་ཏུར་ཆེ་བར་མཛད་དོ། །

        དེ་ལྟར་དྲི་བ་དང་བརྒལ་བརྟག་མང་དུ་མཛད་པའི་སྐབས་སུ། རྗེ་བཙུན་གྱིས་ཐལ་རིང་གི་ཁྱད་པར། ངར་འཛིན་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱི་ཁྱད་པར། དེ་གཉིས་ཀྱིས་བཟུང་བའི་བདག་དང་། རིགས་པས་འགོག་པའི་དགག་བྱའི་ཕྲ་རགས་ཀྱི་ཚད། སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་ཚད། ཐལ་འགྱུར་པའི་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་སོགས་ལ་ཞིབ་ཏུ་དཔྱད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་གསུངས་ཤིང་། ཡང་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་ཁྱད་པར། དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ། གོ་རིམ། གྲངས་ངེས་སོགས་ཀྱི་གནད་ཤིན་ཏུ་འདྲིལ་བ་རེ་གསུངས། རྗེ་འདིས། གསུང་འདི་དག་ཚིག་ཉུང་ཞིང་དོན་དཀའ་བས་གོ་མི་ནུས་པར་འདུག་ལགས་ཞུགས་པས། འདི་རྣམས་མ་བརྗེད་པར་བཟུང་། ཟིན་བྲིས་སུ་གྱིས། བླ་མ་ཡི་དམ་ཐ་མི་དད་དུ་བྱས་ལ་གསོལ་འདེབས་བསྙེན་སྒྲུབ་བྱེད། ཚོགས་བསག་སྒྲིབ་སྦྱང་ལ་འབད། གཞུང་ལུགས་གྱི་དོན་ལ་རྟོག་དཔྱོད་ཞིབ་ཏུ་བྱ། འདི་གསུམ་ཡ་མ་བྲལ་བར་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ། ཅུང་ཟད་གོ་བ་ཙམ་གྱིས་མ་ཚིམ་པར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག སྐབས་སུ་བབ་པ་ན་ད་ལྟ་ས་བོན་བཏབ་པ་འདིས་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེས་གསུང་ངོ་། །

        འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས་རྩད་གཅོད་པའི་བླ་མ་བོད་ན་སུ་གྲག་ཞུས་པ་ལ། རེད་མདའ་པ་ལས་གྲག་པ་མེད། འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པར་ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ། དབུ་མ་པས་ལོ་ཙཱ་བྱས་ནས་ངས་ཁྱོད་ལ་བཤད་ན་དེ་ག་གྲག་པར་འོང་ནའང་། ཁོང་ཡང་མྱུར་དུ་མདོ་ཁམས་ལ་འགྲོ་དགོས་པར་སྣང་། དེས་ན་ད་ལྟ་ནས་བཤད་པ་མ་བྱེད་པར་བྱ་བྲལ་གྱིས་ལ་དབེན་པ་བསྟེན། གོང་དུ་བཤད་པ་ལྟར་སུམ་སྒྲིལ་དུ་ཉམས་སུ་ལེན་པ་དང་། དམིགས་རྣམ་སྐྱོང་བ་སོགས་ལ་ལེགས་པར་འབོད་དང་། རིང་པོར་མི་ཐོགས་པར་དེ་རྣམས་ཀྱི་དོན་རྙེད་པར་འགྱུར་རོ་ཞེས་གསུང་ངོ་། །

        དེ་ནས་སྤྲེལ་ལོའི་སྟོན་དེར་བླ་མ་དབུ་མ་པ་དང་ལྷན་ཅིག་དབུས་ཀྱི་དགའ་བ་གདོང་དུ་ཕེབས། ལྷ་སར་ཇོ་བོ་རིན་པོ་ཆེ་ལ་ཕྱག་མཆོད་གསོལ་འདེབས་ལེགས་པར་མཛད། དགའ་བ་གདོང་དུ་སློབ་མ་གཅིག་ཀྱང་མེད་པར་དཔོན་སློབ་གཉིས་སྐུ་མཚམས་དམ་པར་བཅད་ནས་བཞུགས། གཉིས་པོའང་གཟིམས་ཁང་སོ་སོར་མཛད་ནས་གསོལ་ཇ་སོགས་ལ་འཚོག་པ་མཛད་ཅིང་། གསོལ་ཇ་བཞེས་པའི་སྐབས་སུའང་བླ་མ་པས་ལོ་ཙཱ་མཛད་ནས་རྗེ་བཙུན་ལ་ཆོས་མང་དུ་གསན་ཅིང་དྲི་བ་དཔག་ཏུ་མེད་པ་མཛད། ཁྱད་པར་སྟོང་ཉིད་ཀྱི་སྐོར་གཙོ་བོར་ཞུས་ཤིང་། དེ་དུས་བོད་ཀྱི་མཁས་པ་ཕལ་ཆེ་བའི་བཞེད་པ་ལ། ཀུན་རྫོབ་ཀྱི་སྣང་བ་འདི་ཀུན་འཁྲུལ་བའི་སྣང་བ་ཡིན་པས་གཞན་ངོར་ཁས་ལེན་པ་ཙམ་མ་གཏོགས་རང་ལུགས་ལ་ཅི་ཡང་མེད་པའི་སྟོང་སང་ཡིན། དེའི་ཕྱིར་ཡོད་མེད་གང་དུ་ཡང་འཛིན་རྒྱུ་མེད། ཁས་ལེན་རྒྱུ་མེད། སྒོམ་པའི་ཚེ་ཡང་ཅི་ཡང་མི་རྟོག་པར་སེམས་མཉམ་པར་བཞག་ན་སྟོང་ཉིད་བསྒོམས་པ་ཡིན་ཟེར་ལ། དེ་ལས་གཞན་དག་གིས་རང་རང་གི་བློས་དཔྱད་དེ་འཆད་ཚུལ་དུ་མ་ཡོད་ཀྱང་དེ་ཀུན་གྱིས་སྟོང་ཉིད་ཀྱི་དོན་གོ་བ་མིན། འཁྲུལ་བ་འབའ་ཞིག་ཏུ་འདུག་གོ དེ་དུས་རྗེ་འདིའི་ཐུགས་ལ་ཡང་གོང་གི་ཅི་ཡང་མེད་པའི་ལྟ་བ་དེ་ཅུང་ཟད་བདེ་བ་ཙམ་ཡོད་པས། དེ་ཉིད་ཞུས་ནས། ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་དྲིས་པ་ལ། གང་ཡང་མིན་གསུང་། དེ་གཉིས་དྲིས་པའི་རྒྱུ་མཚན་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའི་དགོངས་པ་ལ་གྲུབ་མཐའ་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཞི་ལས་དབུ་མ་བ་ལ་ཡང་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཡོད་ཅིང་། དེ་དག་ལས་ཐལ་འགྱུར་བའི་ལྟ་བ་ནི་ཟབ་དོན་དྲི་མ་མེད་པ་ཡིན་ལ། གཞན་རྣམས་ནི་གདུལ་བྱ་བློ་དམན་རྣམས་ཁ་དྲངས་པའི་ཕྱིར་དུ་གསུངས་པའི་དགོངས་པ་ཅན་ནོ། ། རྗེ་འདིས་བོད་ཀྱི་བླ་མ་རྣམས་ཀྱི་ལྟ་བ་ནི་དེ་གཉིས་གང་ཡིན་ཞུས་པ་ལ། འཇམ་པའི་དབྱངས་ཀྱིས་གཏན་མིན་གསུང་འདུག་གོ །དེས་ན་རྗེ་འདི་མ་བྱོན་གོང་དུ་བོད་དུ་སྟོང་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་བླ་མ་ཤིན་ཏུ་ཉུང་བར་ངེས་སོ། །དེའི་ཚེ་འཇམ་དབྱངས་ཀྱིས། སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ལ་ཉེ་རིང་གཏན་ནས་བྱེད་མི་ཉན། ཁྱད་པར་སྣང་བ་ལ་རྩིས་སུ་བྱེད་དགོས་ཞེས་ཡང་ཡང་གསུངས་ཤིང་། མདོར་ན་ཀུན་རྫོབ་ཏུ་སྣང་བ་འདི་ཀུན་བསླུ་མེད་དུ་གྲུབ་འདུག་པ་ལ། འཁྲུལ་ངོ་ཙམ་མ་གཏོགས་དོན་ལ་ཅི་ཡང་མེད་ཅེས་པའི་ལྟ་བ་འདི་ནི། ལས་འབྲས་ཀྱང་མེད། སྐྱེ་བ་སྔ་ཕྱི་ཡང་མེད་ཅེས་ཀུན་ལ་ལོག་པར་བཟུང་བའི་ཆད་ལྟ་འདི་ལ་དབུ་མའི་ལྟ་བ་མཆོག་ཏུ་འཁྲུལ་པ་དེ་ཉིད་འགོག་པའི་ཆེད་དུ་འཇམ་པའི་དབྱངས་ཀྱིས་ནན་ཏུར་ཆེ་བར་མཛད་དོ། ། དེ་ལྟར་དྲི་བ་དང་བརྒལ་བརྟག་མང་དུ་མཛད་པའི་སྐབས་སུ། རྗེ་བཙུན་གྱིས་ཐལ་རིང་གི་ཁྱད་པར། ངར་འཛིན་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱི་ཁྱད་པར། དེ་གཉིས་ཀྱིས་བཟུང་བའི་བདག་དང་། རིགས་པས་འགོག་པའི་དགག་བྱའི་ཕྲ་རགས་ཀྱི་ཚད། སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་ཚད། ཐལ་འགྱུར་པའི་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་སོགས་ལ་ཞིབ་ཏུ་དཔྱད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་གསུངས་ཤིང་། ཡང་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་ཁྱད་པར། དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ། གོ་རིམ། གྲངས་ངེས་སོགས་ཀྱི་གནད་ཤིན་ཏུ་འདྲིལ་བ་རེ་གསུངས། རྗེ་འདིས། གསུང་འདི་དག་ཚིག་ཉུང་ཞིང་དོན་དཀའ་བས་གོ་མི་ནུས་པར་འདུག་ལགས་ཞུགས་པས། འདི་རྣམས་མ་བརྗེད་པར་བཟུང་། ཟིན་བྲིས་སུ་གྱིས། བླ་མ་ཡི་དམ་ཐ་མི་དད་དུ་བྱས་ལ་གསོལ་འདེབས་བསྙེན་སྒྲུབ་བྱེད། ཚོགས་བསག་སྒྲིབ་སྦྱང་ལ་འབད། གཞུང་ལུགས་གྱི་དོན་ལ་རྟོག་དཔྱོད་ཞིབ་ཏུ་བྱ། འདི་གསུམ་ཡ་མ་བྲལ་བར་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ། ཅུང་ཟད་གོ་བ་ཙམ་གྱིས་མ་ཚིམ་པར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག སྐབས་སུ་བབ་པ་ན་ད་ལྟ་ས་བོན་བཏབ་པ་འདིས་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེས་གསུང་ངོ་། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས་རྩད་གཅོད་པའི་བླ་མ་བོད་ན་སུ་གྲག་ཞུས་པ་ལ། རེད་མདའ་པ་ལས་གྲག་པ་མེད། འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པར་ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ། དབུ་མ་པས་ལོ་ཙཱ་བྱས་ནས་ངས་ཁྱོད་ལ་བཤད་ན་དེ་ག་གྲག་པར་འོང་ནའང་། ཁོང་ཡང་མྱུར་དུ་མདོ་ཁམས་ལ་འགྲོ་དགོས་པར་སྣང་། དེས་ན་ད་ལྟ་ནས་བཤད་པ་མ་བྱེད་པར་བྱ་བྲལ་གྱིས་ལ་དབེན་པ་བསྟེན། གོང་དུ་བཤད་པ་ལྟར་སུམ་སྒྲིལ་དུ་ཉམས་སུ་ལེན་པ་དང་། དམིགས་རྣམ་སྐྱོང་བ་སོགས་ལ་ལེགས་པར་འབོད་དང་། རིང་པོར་མི་ཐོགས་པར་དེ་རྣམས་ཀྱི་དོན་རྙེད་པར་འགྱུར་རོ་ཞེས་གསུང་ངོ་། །

རྩོམ་སྒྲིག་པ། མང་ར་བ།
          གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།