རྗེ་ཙོང་ཁ་བའི་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-07 07:05:01     རྩོམ་པ་པོ།   རྒྱལ་བ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

རྒྱལ་བ་འཇམ་དཔལ་སྙིང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །

བསོད་ནམས་བརྒྱ་ཡི་བྱེད་པོས་ལེགས་བསྐྲུན་གསེར་གྱི་པད་མོ་རྒྱས་པའི་ཞལ། །

ཐགས་བཟང་ཚེམས་དཀར་ཟེའུ་འབྲུའི་ལ་ཆགས་རྟེན་འབྲེལ་བདུད་རྩིའི་རོ་བརྒྱ་བ། ། 

བརྒྱ་བྱིན་རལ་བའི་ཁུར་དུ་ཐོགས་པའི་ནོར་བུའི་ཅོད་པན་བཟང་བོ་ཡིས། །

བསྟེན་བྱས་ཞབས་སེན་དམར་བོའི་འོད་ཕྲེང་གཙུག་ཕུད་རྒྱན་དུ་ཅིས་མི་འཛིན། །

བློ་བཟང་གང་གི་གྲགས་པའི་རྔ་སྒྲས་ཁོར་ཡུག་རི་བོའི་གནས་ལ་འགོངས། །

དཔལ་ལྡན་མཁས་མང་གཙུག་རྒྱན་ངོས་ལ་ཞབས་རྡུལ་ཐིག་ལེ་སྟོང་ཡང་བཀོད། །

མཁྱེན་སྤྱན་དྲི་མེད་ཀུན་ཏུ་ཡངས་པས་ཤེས་བྱའི་ཁྱོན་ཀུན་གསལ་ལེར་གཟིགས། །

རྒྱལ་  བའི་མཛད་པས་རབ་ཏུ་བསྔགས་མཛད་རྒྱལ་བ་གཉིས་པ་རྒྱལ་གྱུར་ཅིག །  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།