ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-15 10:37:37     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  


微信图片_20170915110115.jpg


ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །རྒྱལ་བའི་དམ་ཆོས་ཀུན་འཛིན་བཙོང་ཁ་པ། །རྣམ་གསུམ་དབྱེར་མེད་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་རྒྱལ་ཚབ་ཀུན་མཁྱེན་དར་མའི་ཞབས། །སྙིགས་དུས་བསྟན་པའི་སྲོག་ཤིང་འདུལ་བ་འཛིན། །མཁས་གྲུབ་བསྟན་པའི་བདག་པོ་དགེ་ལེགས་དཔལ། །སྲས་མཆོག་ཆོས་(༥༦ན)རྗེ་གསུམ་ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་ལེགས་པ་རྒྱལ་མཚན་དང་། །ཕུལ་བྱུང་མཁྱེན་ཡངས་བློ་གྲོས་ཆོས་སྐྱོང་ཞབས། །ལུང་རྟོགས་མངའ་བདག་ཆོས་ཀྱི་རྒྱལ་མཚན་ཏེ། །མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་བློ་གྲོས་བརྟན་པའི་རྗེ། གསང་བདག་རྣམ་སྤྲུལ་རྗེ་བཙུན་སྨོན་ལམ་དཔལ། །བློ་བཟང་བསྟན་པ་གསལ་མཛད་ཉིན་མོའི་མགོན། །སྐྱེ་རྒུའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །མཐའ་བྲལ་གནས་ལུགས་དོན་གཟིགས་ཡེ་ཤེས་བཟང་། །བློ་བཟང་སྨྲ་བའི་ཉི་མ་གཉིས་པའི་ཞབས། །ཤེས་རབ་ཆེན་པོས་ཐུབ་བསྟན་དར་མཛད་པ། །དམ་པའི་སྐྱེས་བུ་གསུམ་ལ་གསོལ་བ་འདེབས། །ཞེས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སྲས་ཀྱི་ཐུ་བོ་གསུམ་གདན་སའི་རིམ་པ་དང་བཅས་པ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ཡང་མིའི་དབང་པོ་འཇམ་དཔལ་བའི་བཀས་བསྐུལ་ནས་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཆོས་གྲྭ་གསང་སྔགས་མཁར་དུ་སྦྱར་བའོ།། །།


微信图片_20170915104516.jpg


བརྒྱ་ཕྲག་དཀའ་བ་ཁྱད་བསད་བླ་མ་བསྟེན། །

ཟབ་དང་རྒྱ་ཆེའི་གདམས་པས་ཐུགས་རྒྱུད་གཏམས། །

རྩེ་གཅིག་སྒྲུབ་པས་ཚེ་འདིར་ཟུང་འཇུག་སྐུ། །

མངོན་གྱུར་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །ཞེས་པ་འདི་ནི་རྗེ་མི་ལའི་བསྟོད་པའོ།། །།

                                                                                      རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
                   གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།