དགེ་ལུགས་པའི་དགོན་སྡེ་སོ་སོའི་སྐོར་ཚད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-02 10:08:27     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

ཕྱག་སྐོར་བྱེད་མཁན་རྣམས་ལ་ཕན་པའི་ཆེད་དུ་དགོན་སྡེའི་སོ་སོའི་སྐོར་ཚད་འདིར་འགོད་བཞིན་ཡོད་པས་དགེ་ལུགས་པའི་དགོན་པ་སོ་སོའི་སྐོར་ཚད་འདིར་བསྐུར་རོགས།


དབུས་གཙང་།


ལྷ་ས།


དགའ་ལྡན་དགོན་པའི་སྐོར་ཚད།

གཙུག་ལག་ཁང་གི་སྐོར་ཚད། 1313

པོ་ཏ་ལའི་སྐོར་ཚད།

སེ་ར་དགོན་པའི་སྐོར་ཚད།

འབྲས་སྤུངས་དགོན་པའི་སྐོར་ཚད།

བཀྲ་ཤིས་ལྷུན་པོ་དགོན་པའི་སྐོར་ཚད།

སྒྲོལ་མ་ལྷ་ཁང་གི་སྐོར་ཚད།


ནག་ཆུ།


བར་ཁམས་རོང་པོ་རབ་བརྟན་དགོན་པའི་གླིང་བསྐོར་300ཚོགས་ཆེན་འདུ་ཁང་བསྐོར་ཚད་1000ཇོ་ཁང་ཆེན་མོ་བསྐོར་ཚད1300མཆོད་རྟེན་ཆེན་མོ་བསྐོར་ཚད1500འདུ་ཁང་ཆེན་མོ་དང་ཐོས་བསམ་གླིང་རྗེ་ལྷ་ཁང་བཅས་ལྷན་དུ་བར་སྐོར་ལ་བསྐོར་ཚད། 1700དངུལ་གདུང་ཆེན་མོ་བསྐོར་ཚད1800


མཚོ་སྔོན།

       མཚོ་ཤར།

སྐུ་འབུམ་དགོན་པའི་སྐོར་ཚད།      ཕྱི་བསྐོར་ལ350    ལྷ་ཁང་ཆེན་མོའི་སྐོར་ཚད34000   ཕྱི་བསྐོར་ལ་བརྐྱངས་ཕྱག་གི་སྐོར་ཚད7   བྱམས་ཁང་། ཇོ་ཁང་། མགོན་ཁང་བཅས་ལ6000   གསེར་སྡོང་ཆེན་མོའི་མདུན་དུ་ཕྱག་ཚད100000


བྱ་ཁྱུང་དགོན་པའི་སྐོར་ཚད།  

(1)ཨ་ར་པ་ཙའི་སྒྲུབ་ཁང་ནང་བཞུགས་ཀྱི་གཙོ་སྐུ་སྟོན་པ་ཐུབ་པའི་དབང་བོའི་བསྐོར་ཚད་གཅིག་ལ།ལྔ་སྟོང་བརྒྱད་བརྒྱ་གྱ་གསུམ།སྐུ་བདུན་པོའི་བསྐོར་ཚད་གཅིག་ལ།བཞི་ཁྲི་ཆིག་སྟོང་ཕྲག་བརྒྱ་དང་དོན་བདུན་ཏེ།གཞན་ཉིས་ཁྲི་བཞི་སྟོང་ཉིས་བརྒྱ་ཞེ་གསུམ་སོང་ན།གསེར་གདུང་ཆེན་མོའི་བསྐོར་ཚད་གཅིག་ཡིན་ནོ།

(2)སྤྱན་རས་གཟིགས་གཙོ་སྐུ་གཅིག་པུ་ལ་སྐོར་བ་སྟོང་ཕྲག་གསུམ་དང་བཅུ་གསུམ།  སྟོང་སྐུ་ལ་བདུན་སྟོང་བདུན་བརྒྱ་ཡིན།  

(3)སྒྲོལ་མའི་ལྷ་ཁང་ལ་གཙོ་སྐུ་གཅིག་པུའི་སྐོར་ཚད་གཅིག་ནི་སྟོང་ཕྲག་ལྔ་དང་དགུ་བརྒྱ་ལ་ཉི་ཤུ་རྩ་བརྒྱད་དང་།  སྒྲོལ་མ་ཉེར་གཅིག་ལ་སྟོང་ཕྲག་བརྒྱད་དང་ལྔ་བརྒྱ་ལ་སོ་དགུ་སྟེ།  སྒྲོལ་མའི་སྟོང་སྐུའི་སྐོར་ཚད་ནི་སྤྱན་གཟིགས་སྟོང་སྐུ་དང་འདྲ། 

(4)འདུ་ཁང་ཆེན་མོའི་ནང་བཞུགས་སྐུ་བརྙན་བཅུ་གསུམ་ལས་སྐུ་གཅིག་གི་བསྐོར་ཚད་གཅིག་ལ།  སྟོང་ཚོ་གཉིས་དང་དགུ་བརྒྱ་ལ་བཞི་བཅུ་ཞེ་གཅིག་སྟེ།  སྐུ་བཅུ་གསུམ་པོ་བསྡོམས་པའི་བསྐོར་ཚད་གཅིག་ལ།  ཁྲི་ཚོ་གསུམ་དང་སྟོང་ཕྲག་བརྒྱད་ཉིས་བརྒྱ་ལ་སུམ་ཅུ་སོ་གསུམ་ཡིན་ནོ། 

(5)ལྷ་ཁང་ཆེན་མོ་ནང་གི་རྟེན་གཙོ་རྗེ་བཙུན་རྡོ་རྗེ་ཕག་མོའི་དབང་དུ་བྱས་པའི་བསྐོར་ཚད་འབུམ་ཐེར་གཅིག་ལ། ལྷ་ཁང་ཉིད་ལ་བསྐོར་བ་ཁྲི་ཚོ་གཅིག་དང་སྟོང་ཚོ་ལྔ་ལ་ཉིས་བརྒྱ་སོང་ན་ལོངས་པ་ཡིན། དེ་ཡང་བསྐོར་ཚད་ཆེ་ཆུང་འབྲིང་གསུམ་དུ་ཕྱེ་ན། གོང་གི་འདི་བསྐོར་ཚད་ཆེ་བ་ཡིན།བསྐོར་ཚད་འབྲིང་བ་ལ།སྟོང་བཞི་དང་བརྒྱད་བརྒྱ་ལ་ང་གཅིགབསྐོར་ཚད་ཐ་མའམ་ཆུང་བ།ཆིག་སྟོང་ལྔ་བརྒྱ་ལ་དོན་བདུན་ཡིན།


ལྡི་ཚ་དགོན་པའི་ལྷ་ཁང་སོ་སོའི་སྐོར་ཚད།

(1)ཚོགས་ཆེན་འདུ་ཁང་གི་སྐོར་ཚད་ནི5300ཡིན།

(2)སྒྲོལ་མའི་ལྷ་ཁང་གི་སྐོར་ཚད་ནི13500ཡིན།

(3)འཇམ་དབྱངས་ལྷ་ཁང་གི་སྐོར་ཚད་རིམ་པ་གསུམ་ཡོད། རྒྱས་པ།14285ཡིན། འབྲིང་ལ་5882ཡིན། བསྡུས་པ་ལ་2450བཅས་ཡིན།

(4)མཁའ་སྤྱོད་མའི་ལྷ་ཁང་གི་སྐོར་ཚད་ནི715ཡིན།


རྨ་ལྷོ།


རོང་བོ་དགོན་ཆེན་གྱི་ལྷ་ཁང་སོ་སོའི་སྐོར་ཚད། 

(1)ཤར་གྱི་སྟོན་པའི་སྟོང་སྐུའི་ལྷ་ཁང་། རྒྱས་པ།   18658  འབྲིང་། 4182 བསྡུས་པ། 688   

(2)ཇོ་ཁང་། རྒྱས་པ། 10900  འབྲིང་། 5681བསྡུས་པ། 1329                      

(3)བྱམས་ཁང་། རྒྱས་པ། 100000  འབྲིང་། 20000 བསྡུས་པ། 2000  

(4)འཇམ་དབྱངས་སྟོང་སྐུའི་ལྷ་ཁང་། རྒྱས་པ།  25000འབྲིང་། 5000 བསྡུས་པ། 833    

(5)འཇམ་དབྱངས་ལྷ་ཁང་གོང་མ། 13340          

(6)རྒྱུད་པ་གྲྭ་ཚང་གི་རྗེ་སྟོང་སྐུའི་ལྷ་ཁང་། རྒྱས་པ། 6320 བསྡུས་པ། 3450                     

(7)སྐྱབས་མགོན་བདུན་པ་ཆེན་པོའི་སྐུ་གདུང་ལྷ་ཁང་། རྒྱས་པ། 12500 འབྲིང་བ། 4167 བསྡུས་པ། 1115                                            

(8)ཚོགས་ཆེན་འདུ་ཁང་། རྒྱས་པ། 11250 འབྲིང་བ། 2273 བསྡུས་པ། 387                         

(9) རྒྱུད་པའི་འདུ་ཁང་། 2500                          

(10)རྟ་མགྲིན་ལྷ་ཁང་། རྒྱས་པ། 33340 འབྲིང་། 2330 བསྡུས་པ། 1180                         

(11)དུས་འཁོར་བློས་བསླངས་ཁང་། རྒྱས་པ། 46110 འབྲིང་བ། 4650 བསྡུས་པ། 930              

(12)ཐང་ཆེན་སྒྲོལ་མ། རྒྱས་པ། 27648 འབྲིང་བ། 15355 བསྡུས་པ། 10239                   

(13)སྒྲོལ་མའི་སྟོང་སྐུའི་ལྷ་ཁང་། རྒྱས་པ། 16668 འབྲིང་བ། 7692 བསྡུས་པ། 1470 

(14)དགོན་པའི་ཕྱི་སྐོར་གྱི་སྐོར་ཚད་ཅུང་ཙམ་ཁ་མི་མཚུངས་མོད། འདིར་མང་བོ་ལྟར་དུ་བྱས་ན། རྒྱས་པ། 2000 འབྲིང་བ། 1400 བསྡུས་པ། 990 ཕྱག་སྐོར་བྱེད་ན་ཉིན་བརྒྱད་བཅས་སོ།།

རྫོང་དཀར་དགོན་པའི་ཕྱི་སྐོར་གྱིས་སྐོར་ཚད། 25 དང་། ཕྱག་སྐོར་ལ། 8   གདུགས་དཀར་ལྷ་ཁང་། 3008    གསང་བདག་འཁོར་ཆེན་གྱི་འབུམ་ཁང་། 2500 བཅས་སོ།།


མགོ་ལོག

རྭ་རྒྱ་དགོན་པའི་སྐོར་ཚད། ཕྱི་སྐོར་ལ307   རྗེའི་སྐུ་ལ13100   གདུང་མདུན་གོང་མ་ལ11000   སངས་རྒྱས་སྟོང་སྐུའི་ལྷ་ཁང་ལ6677   སྒྲོལ་མའི་ལྷ་ཁང་ལ11113  སྒྲུབ་མཆོད་ཆེན་མོའི་སྐབས། ནང་སྐོར་ལ་25ཕྱི་སྐོར་ལ7


མཚོ་ལྷོ།

ཁྲི་ཀ་ཇོ་ཁང་གི་སྐོར་ཚད་ནི་7018ཡིན། 

ཀླུ་ཚང་དགོན་པའི་ལྷ་ཁང་སོ་སོའི་སྐོར་ཚད།

()ཀླུ་ཚང་དགོན་པའི་སྐོར་ཚད།   ཕྱི་བསྐོར108    

 (1)བྱམས་ཁང་བསྐོར་ཚད15000  

(2)དགོན་པའི་ཕྱི་བསྐོར་ཕྱག་བསྐོར་ཚད8   

(3)འདུ་ཁང་ཆུང་བའི་བསྐོར་ཚད10000 

 (4)འདུ་ཁང་ཆེ་བའི་བསྐོར་ཚད5600 

(5)བདེ་མཆོག་ལྷ་ཁང་གི་བསྐོར་ཚད7100

མང་རྫོང་།

བྱ་མདོ་མཚམས་ཁང་དགོན་པ། ཚོགས་ཆེན་འདུ་ཁང་ཆེན་མོའི་སྐོར་ཚད་ལ2041ཡིན། དགོན་པའི་ཕྱིའི་སྐོར་ལ་སྐོར་གྲངས182ཡིན། ཕྱི་སྐོར་ལ་ཕྱག་བསྐོར་གྱི་སྐོར་ཚད44ཡིན།


ཀུན་སུའུ།

གཙོས།

མདོ་སྨད་བླ་བྲང་དགོན་པའི་ལྷ་ཁང་སོ་སོའི་སྐོར་ཚད།

(1)གསེར་ཁང་ཆེན་མོའི་སྐོར་ཚད10000དང་། གསེར་ཁང་ཆེན་མོའི་རྟེན་གཙོ་བྱམས་སྐུ་གཙོ་བོ་བྱས་ན་དགོན་པའི་ཕྱི་སྐོར་གྱི་ཚད307ཡིན།

(2)དགོན་པའི་ཕྱི་སྐོར་གྱི་ཕྱག་གི་སྐོར་ཚད་8ཡིན། ཕྱག་མེ་ཏོག་མ་ཡིན་ན་ཕྱི་སྐོར་1བཅས་ཡིན། 

(3)ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་སྐོར་ཚད8140ཡིན། གཟིགས་པ་ལྔ་ལྡན་གྱི་སྐོར་ཚད14000ཡིན། 

(4)ཚོགས་ཆེན་འདུ་ཁང་གི་སྐོར་ཚད་ནི་རྟེན་གྱི་གཙོ་བོ་ཇོའི་སྐུ་ལ་བྱས་ན་2500དང་། སྐུ་གདུང་རིན་པོ་ཆེ་ལ་བྱས་ན4000ཡིན།

(5)སེང་གེ་ང་རོའི་ལྷ་ཁང་གི་སྐོར་ཚད་ནི་རིམ་པ་གསུམ་ཡོད་དེ། བསྡུས་པ་ལ130དང་། འབྲིང་ལ་1300  རྒྱས་པ་ལ་13000བཅས་ཡིན།

(6)དུས་འཁོར་འདུ་ཁང་གི་སྐོར་ཚད་ནི་1250ཡིན། 

(7)རྒྱུད་སྟོད་འདུ་ཁང་གི་སྐོར་ཚད་ནི་1000ཡིན།

(8)ཀྱཻ་རྡོར་འདུ་ཁང་གི་སྐོར་ཚད་ནི་རབ10000དང་། བསྡུས་པ1000ཡིན།

(9)རྒྱུད་སྨད་འདུ་ཁང་གི་སྐོར་ཚད་ནི5660ཡིན། 

(10)གདུགས་དཀར་ལྷ་ཁང་གི་སྐོར་ཚད་ནི་3000ཙམ་ཡིན།བླ་བྲང་ས་སྒང་མཆོད་རྟེན་གྱི་སྐོར་ཚད།10000ཡིན།

ཤོ་བ་རྟ་མགྲིན་རང་བྱོན་གྱི་སྐོར་ཚད།


ཟི་ཁྲོན།


རྔ་བ།


རྒྱལ་དགེ་དགོན་གྱི་སྐོར་ཚད་ནི། དཀར་ཆག་དད་པའི་སྒོ་འབྱེད་ལས། གནས་འདིའི་སྐོར་ཚད་ནི། རྟེན་གྱི་གཙོ་བོ་ཐུབ་དབང་ཚུལ་ཁྲིམས་མའི་དབང་དུ་བྱས་ན། ནང་བསྐོར་སྟོང་དང་ལྔ་བརྒྱ་བསྐོར་ཚད་གཅིག་དང་། ཕྱི་སྐོར་སྟོང་དང་བརྒྱ་བསྐོར་ཚད་རྒྱས་པ་གཅིག་ཡིན་པས། དེ་ལྟར་སེམས་ལ་བཟུང་ནས། ཀུན་སློང་རབ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བ་ལེགས་སོ། །ཞེས་གསུངས་སོ།།


ཕྱག་དང་སྐོར་བའི་ཕན་ཡོན།


འདུལ་བ་ལུང་ལས།དགེ་སློང་དགདགེ་སློང་འདིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས།བཙུན་པ་དེ་ལྟར་ལགས་སོ།།དགེ་སློང་དགདགེ་སློང་འདིས་ས་ཇི་ཙམ་མནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་གི་བར་ན་ཕྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་ར་འགྱུར་རོ།།ཞེས་གསུངས་ཤིང་།གསལ་རྒྱལ་ལ་གདམས་པ་ལས།སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ།སྐུ་གཟུགས་དག་ལ་སྐོར་བྱེད་པ་དེ།ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད།བཟང་བོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན།ཞེས་དང་།ཁྱད་པར་སྒྲིབ་སྦྱོང་གི་མཆོག་ཏུ་གྱུར་པས་ངན་འགྲོའི་སྐྱེ་སྒོ་ཁེགས་ཚུལ་ནི།མེ་ཏོག་བརྩེགས་པའི་གཟུངས་ལས།དགའ་བའི་སེམས་ཀྱིས་གོམས་པའི་གར་སྟབས་འགའ་བོར་ཏེ།སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།།ཞེས་སྨྲས་པ་དེ་དག་གི་བསྐལ་བའམ།བསྐལ་བ་བརྒྱའམ།བསྐལ་བ་སྟོང་ངམ།བསྐལ་བ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྷུང་བའི་གནས་མེད་དོ།།ཞེས་དང་།གསང་བ་རིང་བསྲེལ་གྱིཟ་མ་ཏོག་ལས།སེམས་ཅན་གང་དག་མཆོད་རྟེན་དེ་ལ་སྐོར་བ་གཅིག་གམ།ཕྱག་འཚལ་བ་གཅིག་གིས་མནར་མེད་པ་ལ་ཐུག་པའི་བར་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་།བླ་ན་མེད་པར་ང་དག་ར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར།ཞེས་སོགས་གསུངས་ཤིང་།རྒྱ་གར་ན་ཡང་གྲོང་ཁྱེར་ཆེན་པོ་དང་།གཙུག་ལག་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་།ནད་སོགས་ཞི་བའི་ལོ་རྒྱུས་མང་ངོ་།

མདོ་སྡེ་ས་བཅུ་བ་ལས།དེ་བཞིན་ཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་བྱེད་དེ།མཆོད་པ་དང་རིམ་གྲོ་བྱེད་པ་དེ།སེམས་དང་བོ་བསྐྱེད་པ་ཡན་ཆད།ས་དགུ་བ་ཐོབ་པའི་བར་དག་གིས་དེ་བཞིན་ཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།།ཞེས་ས་གོང་མ་རྣམས་ལ་ཡང་ལུས་ངག་གི་དགེ་སྦྱོར་གོང་འཕེལ་དུ་འགྲོ་བར་གསུངས་པས་སོ།

དེ་ན་རྒྱལ་བའི་བཀའ་ལ་ཡིད་ཆེས་ཀྱིས།དལ་འབྱོར་གྱི་རྟེན་ལ་སྙིང་བོ་བླངས་ཏེ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཞིག་གལ་ཆེའོ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།།ལྷག་པར་འཕྲིན་སྟེགས་དག་གིས་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།