བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་མ་ལག་བརྒྱ་དང་བརྒྱད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-10 10:28:09     རྩོམ་པ་པོ།   སྔགས་བརྩོན་འགྲུས།    ཀློག་ཐེངས།  

དེ་ཡང་མཁས་ཤིང་གྲུབ་པའི་དབང་ཕྱུག ཀུན་མཁྱེན་ཆེན་པོ༧འཇམ་དབྱངས་བཞད་པའི་རྡོ་རྗེ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་སྤྱི་ལོ1709ལོར་ཕྱག་འདེབས་མཛད་པའི་ཆོས་སྡེ་ཆེན་མོ།  བཤད་སྒྲུབ་བསྟན་པའི་འབྱུང་གནས། དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདི་ལ།  རྨད་བྱུང་ཐོས་བསམ་གླིང་།   གསོ་རིག་གཞན་ཕན་གླིང་།  ཨཻ་ཝཾ་ཆོས་འཁོར་གླིང་།  གསང་སྔགས་དར་རྒྱས་གླིང་།  གསང་ཆེན་རྡོ་རྗེའི་གླིང་།  རྒྱུད་སྨད་བཤད་སྒྲུབ་གླིང་བཅས་གྲྭ་ཚང་ཆེན་མོ་དྲུག་དང་། གྲྭ་བ་སྟོང་ཕྲག་ལྷག་བཞུགས་ཤིང་།  གསེར་ཁྲི་རྣམ་པ་བཞི།  མཁན་པོ་རྣམ་པ་བརྒྱད།  དགེ་བཤེས་ཀྱི་མཚན་སྙན་ཐོབ་པའི་གྲྭ་བ་ཉིས་བརྒྱ་ལྷག་དང་། སྤྲུལ་སྐུ་བརྒྱད་བཅུ་ལྷག  གཞན་མཁས་པའི་དབང་བོ་སྟོང་ཕྲག་ལྷག་གིས་གསུངས་པའི་རྒྱལ་བའི་གསུང་རབ་བགྲང་ལས་འདས་པ་སོགས་བཞུགས་ཡོད།

ལྷག་ཏུ་བླ་བྲང་དགོན་པ་འདིར་དགོན་མ་ལག་བརྒྱ་དང་བརྒྱད་ཡོད་པ་ནི།   དང་པོ།  བླ་བྲང་བཀྲ་ཤིས་འཁྱིལ།  རི་ཁྲོད་བཀྲ་ཤིས་དགེ་འཕེལ།  རྒྱོའུ་རྒྱ་རི་ཁྲོད། ཐར་བ་རྩེ་རི་ཁྲོད།  རི་ཁྲོད་ཞོལ་མ།  མཎྜལ་རི་ཁྲོད།  ནོར་འཛིན་ཕོ་བྲང་།  བཀྲ་ཤིས་རབ་བརྟན།  གསང་ཆེན་སྨིན་རྒྱས་གླིང་། ཀམ་པོའི་གནས་སྒོ་གྲྭ་ཚང་།  ད་ཚང་གྲྭ་ཚང་།  དམུ་དགེ་དགོན་པ།  ཁང་དམར་དགོན།  མཆོད་རྟེན་ལྕོགས།  གནམ་ལྕགས་དགོན།  བསུ་བའི་དགོན།  ཁ་ཤའི་དགོན།  སྔོ་ཤུལ་དགོན།  གཉན་རྩེའི་དགོན།  སྒོ་མང་དགོན།  ཁང་པར་དགོན།  དགའ་ལྡན་ཆོས་འཁོར་གླིང་།  རོང་པད་ནག་དགོན།  གཞུ་ཤུབ་དགོན།  ཇོག་ལ་དགོན།  དཔལ་ཡུལ་དར་ཐང་དགོན།  ལུང་དཀར་དགོན།  རྡོ་ཁོག་གཡུ་ཐོག་དགོན།  ཤུག་ཆུང་དགོན།  རྡོ་གྲུབ་ཆེན་དགོན།  མཛོ་སྐའི་ཡག་གེ་མདོས་དགོན།  ཡུལ་བཞི་ཡར་ཐང་རྒྱ་བླའི་དགོན།  པཎ་ཆེན་དགོན།  དཔལ་ཡུལ་རྡི་མདའ་དགོན། བར་བཞི་དགོན།  གཡག་རའི་རི་ཁྲོད།  གདོང་རྫོང་རི་ཁྲོད།  ཀར་མར་རི་ཁྲོད།  ར་ཡབ་རི་ཁྲོད།  བྱ་ཡུལ་རི་ཁྲོད།  མགོ་ལོག་བླ་མ་རི་ཁྲོད།  ༼རྒྱུ་མདོའི་དགོན། ཆུ་ཁ་མ།༽ ཝ་བན་སེར་སྡེ།  ནུར་མའི་སེར་སྡེ།  མཚན་སྒྲོགས་དགོན།  ཞར་ཤུལ་དགོན།  ༼ཁུ་ཆུང་དགོན། དངུལ་རྭ།༽ ཚ་གན་བེ་ཤིང་དགོན། རྩེ་དབུས་དགོན།  ཉིན་མའི་སེར་སྡེ།  ཤིང་བཟའ་དགོན།  ཨེ་རྒེ།  སུག་ཆེན་སེར་སྡེ།  སུག་ཆུང་སེར་སྡེ།  ཁག་གསུམ་སེར་སྡེ།  ཚོ་ཧོར་སེར་སྡེ།  ཨ་རི་སེར་སྡེ།  བཀྲ་ཤིས་ཆོས་རྫོང་གླིང་།  བེ་སིའི་སེར་སྡེ།  མདའ་ཚན་དགོན།  ཐོར་ཀོད་སེར་སྡེ།  བསང་གི་སེར་སྡེ།  གུར་སྒར།  ཤིང་ལའི་ཁ།  དཀར་པོ་གཤོང་།  གསང་སྔགས་བདེ་ཆེན།  རྭ་དགེ་རི་ཁྲོད།  ཀ་མདོ་དགོན།  རྩི་བཅིངས་དགོན།  ལྕང་ཤར་དགོན།  བྲག་དཀར་དགོན།  རྩེ་དབུས་དགོན།  ལྷ་ཆབ་དགོན།  ཙག་ཙག་སྒར།  ཡི་གེ་ཐང་སྒར།  ༼པ་ལི་ཟི། དགོན། ༽ ཧན་ཀྱ་ཟི།  ཧན་སྟག་ལུང་།  ལོ་ཀྱ་ཟི།  པཱེ་ཏ་ཟི།  འུ་པཱས་དགོན།  གཙང་ཉིན་དགོན།  སེར་པོ་དགོན།  འོད་ཟེར་དགོན།  ཨ་འཁོར་བྲག་དཀར།  ཆོས་དཔལ་ཞིང་།  བདེ་ཐང་དགོན།  ཡར་ཐར་དགོན།  གྱིལ་ལི་དགོན།  དམེ་བོའི་སྟེང་ཕུར་རི་ཁྲོད།  དམེ་བོའི་སྒར་བ།  དམེ་བོའི་ཁྲ་ཚང་རི་ཁྲོད།  རྒྱུད་སྟོད་མའི་དགོན།  མཛོད་དགེ་སྒར་རྙིང་།  སྐང་ཚའི་དགོན།  རྭ་ལུང་རི་ཁྲོད།  སྨན་ལུང་དགོན། བཀྲ་ཤིས་སྒར།  ཁ་གྱའི་སྒར་རྙིང་།  ཙ་ཡི་དགོན།  རྒྱ་རྗེ་རི་ཁྲོད།  གཞི་དགེ་རི་ཁྲོད།  རྡོ་དཀར་དགོན་པ།  ཆོས་རྫོང་དགོན།  འབོ་རའི་སྒར།  ཨ་མཆོག་སྒར།  འབར་ཆུང་གདོང་།  ཤིས་ཚང་སྒར་བ།  བླ་རྒྱུ་འགུལ་སྒར།  རྨོག་རྒྱུ་སྒར།  གདོང་ཟུག་མདོ་སྒར།  རྒྱས་ཚང་སྒར།  ཐང་སར་དགོན།  པད་མའི་སྟེང་དགོན་པ།  མུ་ཏོ་དགོན།  བཀྲ་ཤིས་ནང་།  རྔ་རྒོད་སྒང་།  རྒྱས་ཚང་ནགས་རི་དགོན།  རྒྱལ་མོའི་དགོན།  བང་ཚང་དགོན་གོང་མ།  བང་ཚང་དགོན་འོག་མ།  གླིང་པའི་སྟག་ཚ་དགོན།  བཀའ་འགྱུར་དགོན།  པ་ཏ་ཧྭ་ལག་དགོན།  ཅོར་ཀ་ཆུ་དགོན་པ།  ཨར་རྩི་ཐའི་དགོན་པ།  ཀུ་ཤྲི་སྐལ་བཟང་གི་དགོན་པ།  སྨུང་གནས་དགོན།  བླ་མ་རིན་པོ་ཆེའི་དགོན་པ།  རྒྱ་ནག་པའི་དགོན་པ།  ཏཱ་ཡང་ཅིའི་དགོན་པ།  ཉི་འོད་དགོན་པ།  ན་མོ་གུ་རུ་དགོན།  ཏ་ལད་ཆོས་རྗེ་དགོན།  པར་ལུགས་ཁེ་རེ་དགོན་རྣམས་སོ། ། ཡོངས་གྲགས་སུ་དགོན་མ་ལག་བརྒྱ་དང་བརྒྱད་ཅེས་ཟེར་མོད་ཀྱང་།  འདི་ནི་འཇམ་དབྱངས་བཞད་པ་སྐུ་འཕྲེང་ལྔའི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་ཞེས་བྱ་བ་ལས་གསུངས་པ་ལྟར་བྱས་པས་བསྡོམས་པའི་བརྒྱ་དང་སུམ་ཅུ་སོ་ལྔ་ཡོད་དོ།། 

  འདི་གཞན་ལ་ཕན་སྙམ་ཏེ约读者彭措巴尔ལས་བཤུས་ཏེ་བཀོད་པ་ཡིན་པས་བདག་དབང་ལ་གནོད་ན་ང་ཚོར་འབྲེལ་བ་གནོང་དང་དེ་མུར་བསུབ་ངེས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

བརྒྱུད་འགོད།