རུ་སྟོད་མ་རུ་སྟོད་མའི་རི་ཁྲོད་ཐར་བ་གླིང་གི་ལོ་རྒྱུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-14 14:34:27     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  


微信图片_20190531174046.jpg

༄།རུ་སྟོད་མའི་རི་ཁྲོད་ཐར་བ་གླིང་།      མཛོད་དགེ་རུ་སྟོད་མའི་རི་ཁྲོད་ཐར་བ་གླིང་ནི་རུ་སྟོད་མའི་དགོན་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་ཤར་ལོགས་སུ་ཆགས།  ཡོངས་གྲགས་སུ་མཛོད་དགེའི་ཕྱག་རྡོར་འཁོར་ཆེན་ཞེས་འབོད།   རི་ཁྲོད་འདི་ནི་རྗེ་མཁས་གྲུབ་བསྟན་འཛིན་པ་ཁོང་སྐུ་མཚམས་ལ་བཞུགས་ཤུལ་དུ།  རབ་བྱུང་བཅུ་བཞི་བའི་བགྲང་བྱ་བདུན་པ་ཆུ་བྱ༼༡༨༡༣༽ལོའི་ཆུ་བསྟོད་ཟླ་བའི་ཡར་ཚེས་ལ་འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེ་མཆོག་དང་།  ཁྲི་ཐོག་རཏྣ་དྷྭ་ཛ་རྣམ་གཉིིས་ཕེབས་ཤིང་བྱིན་གྱིས་བརླབས་ཏེ་སྒོམ་ཁང་ཞིག་བཞེང་ཆེད་བླ་མ་འཇམ་དབྱངས་བས་དབེན་གནས་ཐར་བ་གླིང་ཞེས་མཚན་གསོལ།  

ཕྱི་ལོ་སྒོམ་ཁང་གྲུབ་སྟེ་བླ་སློབ་ཚང་མས་བརྒྱད་སྟོང་དང་བསྟན་འབར་མ་གསུངས་ཤིང་ཤིས་བརྗོད་ཀྱི་མེ་ཏོག་གཏོར།    ཕྱིས་སུ་འབྱུང་བཞིའི་རྐྱེན་ལས་ནུབ་ཙམ་ལ་གྱུར།   རབ་བྱུང་བཅོ་ལྔ་བའི་བགྲང་བྱ་སོ་གཉིས་པ་ས་ཁྱི་༼༡༨༩༨༽ལོར་གྲུབ་དབང་ཆས་པ་རྒྱ་མཁར་གྲུབ་ཆེན་པས་རི་ཁྲོད་འདི་ཅིས་ཀྱང་ཞིག་གསོ་བྱ་དགོས་པའི་བཀའ་བསྩལ་ཅིང་ཆུ་མཆོད་ཀུན་བཟང་གི་འགྲིག་གནང་།   བཞི་བའི་ཉེར་བདུན་ཉིན་ལ་སླར་བཙུགས། 

ལྷ་ཁང་གི་རྟེན་གཙོར་ཕྱག་རྡོར་འཁོར་ཆེན་བཞེངས།  ད་ལྟ་ལྷ་ཁང་དང་འཁོར་ཆེན་བཞེངས་པས་གཟའ་ཀླུ་དང་རྒྱལ་བཙན་སོགས་ཀྱིས་གནོད་པ་བཟློགས་ཤིང་དབུ་སྐྲ་སྐྱེས་པ་སོགས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་དུ་གྱུར་ཏོ།།


ཚུལ་ཁྲིམས་ཀྱིས་ཀན་སུའུ་དགོན་སྡེ་གླེགས་བམ་ལས་བདེམས་ཤིང་གཏག་ནས་གནང་བས་ཆེད་དུ་བཀའ་དྲིན་ཆེ་ཞུ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།