བོད་ཀྱི་གསུང་འབྱོན་མའི་དཀར་ཆག་ཕྱོགས་བཏུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-07 12:05:21     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

 

 

 བོད་ཀྱི་གསུང་འབྱོན་མའི་དཀར་ཆག་གསར་བསྒྲིགས།

微信图片_20180228082159.jpg 

འདིར་འདུས་མེད་པའི་གསུང་འབྱོན་མ་དག་དགེ་ལུགས་དྲ་བའི་སྐད་འཕྲིན་དང་ཡིག་སྒམ་ལ་E_mail:tb1025@qq.comབསྐུར་རོགས།

རྗེ་གསུང་འབྱོན་མའམ་རྗེ་ཞལ་གཟིགས་མ་ནི"ཡར་ལུང་རྣམ་རྒྱལ་དུ་སྨྱུང་གནས་རས་ཆེན་པ་ལ་རྗེའི་ཞལ་གཟིགས་ནས་སྐུ་ལ་ཐིམ་པས་རྗེ་ཞལ་གཟིགས་པའམ་རྗེ་གསུང་འབྱོན་མ་ཡོད་གསུང་།

རྗེ་ཞལ་ཐང་གསུང་འབྱོན།རྗེ་བླ་མས་ཨ་མར་བསྐུར་བས་གསུང་འབྱོན།ད་ལྟ་གར་བཞུགས་མ་ངེས།

ཇོ་བོ་འཇམ་དཔལ་རྡོ་རྗེ། རིགས་གསུམ་མགོན་པོའི་ཐུགས་རྗེས་དཀྲོང་བསྐྱེད་ཀྱིས་བཞེངས་པ་ཡིན་ཞིང་དེ་ནས་རིམ་པར་བདེ་བ་ཅན་སོགས་ཞིང་དུ་མར་བྱོན་ནས་རྒྱལ་པོ་ཟས་གཙང་དང་། རྒྱལ་བུ་དོན་གྲུབ་སོགས་ཀྱི་ཐུགས་དམ་མཛད་ནས་ལིའི་རྒྱལ་པོའི་ཕྱག་ཏུ་འབྱོར་ཞིང་དེ་ལས་འབྲོམ་གྱི་ཐབས་མཁས་ཀྱི་སྤྲུལ་པས་བླངས་ཏེ་ཇོ་བོ་ཆེན་པོར་ཕུལ། འབྲོམ་སྟོན་པས་ཇོ་བོ་རྗེ་ཐོག་མར་མཇལ་བའི་ཚེ་དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་རྡོ་རྗེ་འདིས་མཛད་ནས་འབྲོམ་སྟོན་པ་ལ་དབང་བསྐུར་བའི་དུས་དཔལ་གསང་བ་འདུས་པའི་ལྷ་ཚོགས་ཞལ་གཟིགས་པའང་འདི་ལ་ཐིམ་ཞིང་། ཇོ་བོས་དགེ་བཤེས་སྟོན་པ་ལ་གནང་ངོ་། །ལིའི་རྒྱལ་པོ་ཤེས་རབ་གོ་ཆར་གར་ལོག་དམག་གིས་བསྐོར་བའི་ཚེ་འཇམ་དཔལ་རྡོ་རྗེ་འདི་ལ་གསོལ་བ་བཏབ་པས། ཞལ་འཛུམ་པ་དང་བཅས། རྒྱལ་པོ་མ་འཇིགས་རང་སེམས་ལྷོད། །ཡི་དམ་ལྷ་ལ་བློ་ཁེལ་ན། །དགྲ་ཡི་འཇིགས་པ་སྨོས་ཅི་དགོས། །འཁོར་བའི་གཡུལ་ངོ་ཟློག་པར་ངེས། །གར་ལོག་དམག་རྣམས་ཕམ་པར་འགྱུར། །ཞེས་གསུང་བྱོན་པ་སོགས་མང་།

སྙེ་ཐང་གི་སྒྲོལ་མ་གསུང་བྱོན་མ། སྔོན་འདུ་ཁང་ངམ་ལྷ་ཁང་དཀྱིལ་མའི་ནང་རྟེན་ཡིན།

 

དུར་རྡོ་གསུང་བྱོན་མ།འབྲི་གུང་མཐིལ་གྱི་ནུབ་ངོས་རི་ལྡེབས་སུ་སོང་ན་རྟེན་འཕྱག་སྒང་ཞེས་པའི་དུར་ཁྲོད་གྲགས་ཅན་དེ་ཡོད།

པྲ་ཏིའི་སྒྲོལ་མ་གསུང་འབྱོན།ད་ལྟ་དཔའ་རིས་པྲ་ཏིའི་སྡེ་བར་བཞུགས།

དཔའ་རིས་ནག་རིལ་ལ་གསུང་ལ་གསུང་འབྱོན་པའི་རྗེ་ཞལ་ཐང་།གུང་ཐང་བསྟན་པའི་དབང་ཕྱུག་གིས་ཁོང་གི་ཕྱག་ཏུ་བཞུགས་གསུང་།

ཕག་གྲུའི་འདྲ་སྐུ་གསུང་བྱོན་མ་ཉི་མ་ལྕང་རྭ་ནས་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༦ཙམ་སོང་ན་ཆོས་ལུང་མདོ་བརྒྱུད་བྱང་ངོས་ཀྱི་རི་ཁུག་ཏུ་ཆོས་ལུང་དགོནབཙུན་དགོན་དེ་མཇལ་རྒྱུ་ཡོད།

བླ་ཆེན་སྐུ་གདུང་གསུང་བྱོན་མ། བླ་ཆེན་ཀྱང་སྐུ་ཚེའི་སྨད་དུ་དམར་གཙང་ནས་མྱ་ངན་ལས་འདས། སྐུ་གདུང་རིལ་བོ་མ་ཉམས་པའི་ཕྱི་ནས་འཇིམ་པའི་སྐུ་བརྙན་བཞེངས་པ་བྲག་ཕུག་དེར་བཞུགས་པ་ལ། དུས་ཕྱིས་བྲག་ཕུག་རྡིབ་ཀྱང་སྐྱོན་ཅུང་ཟད་ཀྱང་མ་བྱུང་། དེ་ནས་དད་ལྡན་རྣམས་ཀྱིས་གཙུག་ལག་ཁང་བཞེངས་ནས་དེར་བཞུགས་སུ་གསོལ། སྐུ་བརྙན་དེ་ཉིད་ཀྱིས་སྐྱེས་བུ་དམ་པ་འགའ་ཞིག་ལ་གསུང་བྱོན་པར་དམ་པ་གོང་མས་གསུངས་སོ། །

ཞལ་ཤུལ་བསྟན་པའི་རྒྱལ་མཚན་གྱི་འདྲ་སྐུ་གསུང་བྱོན་མ།གང་དུ་བཞུགས་པར་མ་ངེས།

101.jpg

ཞང་བསྟན་བསྟན་པ་རྒྱ་མཚོའི་སྐུ་འདྲ་གསུང་འབྱོན།ཞང་སྟོན་ཚང་གིས་བཞེངས་ཤིང་ཐུའུ་བཀྭན་ལ་རྒྱུན་དུ་གསུང་འབྱོན།ད་ལྟ་གར་བཞུགས་མ་ངེས།

 རྭ་སྒྲེང་གི་སྒྲོལ་མ་གསུང་བྱོན་མ། དེ་རྗེས་རྗེ་བླ་མས་ལམ་རིམ་ཆེན་མོ་མཛད་ནས་ལོ་བརྒྱད་པའི་ལྕགས་སྟག་༼སྤྱི་ལོ་༡༤༡༠༽ ལོར་དབུ་རྩེ་ཀ་གཉིས་མ་མེ་སྐྱོན་བྱུང་སྟེ་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་མེས་འཚིགས་ཀྱང་རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། སྒྲོལ་མ་གསུང་བྱོན་མ། གསེར་གླིང་པའི་གདུང་རྟེན། ཐུགས་དམ་གྱི་ཐང་ག་མང་པོ་ཞིག་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་འབྱུང་བའི་གནོད་པས་མི་ཚུགས་པར་བཞུགས།

 རོང་བོ་དགོན་པར་བཞུགས་པའི་རྭ་སྒྲེང་སྒྲོལ་མ་གསུང་འབྱོན།

微信图片_20190609125253.jpg

ཨ་ཡང་སྒྲོལ་མ་གསུང་བྱོན་མ། ཨ་ཡང་དགོན། མཚན་རྒྱས་པར་ཐང་སྐྱབས་ཨ་ཡང་དགོན་ནམ་ཨེར་ཝམ་དགོན་ཞེས་ཞུ། ཐང་སྐྱབས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་ཙམ་སོང་ན་རྩ་སྨད་གྲོང་ཞེས་པར་འབྱོར་ཞིང་དེ་ནས་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། སྔོན་དགོན་དེར་རྟེན་གཙོ་ཞུ་བ་ཞིག་ཡོད་པ་དེ་ཐོག་མར་ལྷ་ས་གཙུག་ལག་ཁང་ནང་ཡོད་པ་ལ་དེ་རྟག་ཏུ་ཞལ་ཤར་དུ་ཕྱོགས་པས་སྐུ་གཉེར་གྱིས་སྒྲོལ་མ་འདི་ཅི་ཡིན་ཞལ་སྒྱུར་བཞིན་འདུག་ཅེས་གསུངས་པར་སྒྲོལ་མས་ཡང་ང་སྡོད་ས་ཨ་ཡང་དགོན་དུ་ཡིན་ཞེས་གསུངས་པས་རྗེས་སུ་དགོན་དེར་གདན་དྲངས།

 

 

 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn       

 

 

རྭ་སྒྲེང་གསེར་ཟངས་ཀྱི་ཐུབ་པ་གསུང་བྱོན་མ། མཁར་སྐྱ་དགོན།མཚན་རྒྱས་པར་མཁར་སྐྱ་བྱམས་ཆེན་གླིང་ཞེས་ཞུ། བཀྲ་ཤིས་སྒང་ནས་སྤྱི་ལེ་༤ཙམ་གཟི་སྦུག་ནང་སོང་ན་མཁར་སྐྱ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད།

 

 

བརྒྱུད་འགོད།