ཧོར་གཙང་མཚོ་ཁའི་སྒོམ་ཁང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-08 10:26:33     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

20160628001532283228.jpg 

          མཚོ་ཁའི་སྒོམ་ཁང་ནི་ཧོར་གཙང་མར་ཐང་ཡུལ་ཚོའི་མངའ་ཁོངས་མཚོ་ཁ་སྡེ་བའི་གོང་དུ་ཡོད།བླ་བྲང་ནས་མར་ཐང་བར་དུ་སྤྱི་ལེ་བཞི་བཅུ་ཙམ་དང་དེ་ནས་རི་ཁྲོད་དུ་སྤྱི་ལེ་བཅུ་ཙམ་ཡོད།  རི་ཁྲོད་འདིར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ཉམས་བཞེས་མཛད། རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་ལས།   ཟླ་བདུན་པའི་ཉེར་ལྔ་ལ་ཧོར་ཚང་ཤོག་ཁ་བཞིའི་སེར་སྐྱ་ཚང་མས་ཆིབས་བསུ་ཐབས་བསུ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་ཧོར་ཚང་མཚོ་ཁར་ཕྱག་ཕེབས། དེར་ཐུགས་རྗེ་ཆེན་པོའི་དབང་དང་། སྐྱབས་འགྲོ། དམིགས་བརྩེ་མ།  གདུགས་ཤེར་སྒྲོལ་མ། མ་ཎི་རྣམས་ཀྱི་ལུང་གནང་།  ཞེས་གསལ།  

         རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གི་གཟིགས་སྣང་ལྟར་ཀླུ་མ་དྲོས་པའི་སྐུ་བརྙན་ཞིག་བཞུགས་སུ་གསོལ་བས། མ་དྲོས་མཚོ་ཞེས་ཀྱང་འབོད། མཚོ་ཁ་སྡེ་བར་སྨན་སྐུ་བྱིན་ཅན་ཞིག་ཡོད་པ་དེ་ཡང་སྐབས་དེའི་སྔོན་ཐོན་པ་དག་གིས་མཚོ་ནང་དུ་གཤེགས།    རྗེས་སུ་ཁོང་གིས་ཐུགས་དགོངས་བཞིན་ཨ་ལགས་མ་ཎི་བ་བཞུགས་ཏེ་ཉམས་བཞེས་མཛད།

       རྗེས་སུ་ཀུན་མཁྱེན་དྲུག་པ་ཆེན་པོའི་བཀའ་ལུང་བཞིན་སྒྲུབ་ཁང་རྙིང་བ་ཁ་མལ་ནས་བཞག་ཏེ།སྒྲུབ་ཁང་གསར་བ་ཞིག་གསར་དུ་བཞེངས།

       སྤྱི་ལོ་༢༠༡༣ལོའི་ཧོར་ཟླ་༨པའི་ཚེས་༩ཉིན་མདོ་སྔགས་བསྟན་པའི་བདག་པོ་༧ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ཕེབས་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། 


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།