ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-17 08:17:46     རྩོམ་པ་པོ།   རྔ་ཁུལ་སྲིད་གྲོས་དང་མཐོ་རིམ་ནང    ཀློག་ཐེངས།  

微信图片_20200617080731.jpg

དགོན་སྡེ་འདི་ནི་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་གྲོང་རྡལ་རྭ་ཅོ་ཡུལ་ཚོ་ན་ཡོད།

མཚན་ལ་ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་སྟེ་སྤྱིར་བཏང་ཚ་ཁོ་དགོན་ཞེས་གྲགས་པའོ། ། དགོན་སྡེ་འདི་ནི་སྔོན་ཀཿ  ཐོག་པ་ཡིན་ཡང་། རྗེས་སུ་བོད་རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ1409ལོ་ལ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་དང་རོང་ཆེན་ལྗགས་ནག་པ་ཆེན་པོ་རྣམ་གཉིས་ཀྱིས་གསར་འདེབས་བྱས་པ་ལགས་སོ། །

དགོན་སྡེ་འདི་ཡི་ཆོས་ལུགས་ནི་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཡིན་ལ། དབྱར་གནས་དང་དགེ་ལྡན་ལྔ་མཆོད་ཆེན་མོ་སོགས་ཡོད་དོ། །

 དགོན་སྡེ་སྐྱོང་ཁུར་གནང་བའི་མཁན་རབས་ནི། དང་བོ། ཚ་ཆེན་ངག་དབང་གྲགས་པ། ཅོག་ཙེའི་ཆུ་ཕུག་ནས་འཁྲུངས་ཟེར། གཉིས་པ། རོང་ཆེན་དགེ་འདུན་རྒྱ་མཚོ། གསུམ་པ། ཀི་ལོག་དགེ་བཤེས་ལྷ་རམས་པ།  རྭ་གྱོ་འབྲོག་ལ་འཁྲུངས།  བཞི་བ། བླ་མ་པདྨ། རྭ་གྱོ་ལ་འཁྲུངས། ལྔ་བ། བླ་མ་བསམ་འཕེལ། རྭ་ཅོ་ལ་འཁྲུངས། དྲུག་པ། བླ་མ་བསྟན་འཕེལ། རྭ་ཅོ་ལ་འཁྲུངས། བདུན་པ། བླ་མ་ཡོན་ཏན། རྭ་གྱོ་ལ་འཁྲུངས། བརྒྱད་པ། བླ་མ་དབང་ཕྱུག་རབ་ཚེས་ཆུ་ཡོས་ལ་འཁྲུངས་ནས་དགོན་སྡེ་བདག་སྐྱོང་གནང་པའོ། །

དགོན་འདིར་བཞུགས་པའི་སྔགས་གྲྭ་ནི་20ལྷག་བཞུགས་པའོ།།

དགོན་སྡེ་འདི་ནི་ སྤྱི་ལོ1983ལོར་འབར་ཁམས་རྫོང་གིས་ཆོས་སྒོ་ཕྱེ་པའོ། །

དགོན་པའི་དོ་དམ་མི་སྣ་ནི་བྱང་ཆུབ་སོགས་མི་གསུམ་བཞུགས་སོ།།

དགོན་པའི་རྟེན་གཙོ་བོ།རྗེ་ཡབ་སྲས་གསུམ་ལུས་ཚད། མཁན་ཆེན་ངག་དབང་གྲགས་པའི་འདྲ་སྐུ་ལུས་ཚད་གཅིག

བཙན་པོ་ནོ་མིན་ཧན་ནས་གནང་བའི་རྗེའི་སྐུ་དང་། བྱེ་སྨད་ཏ་རོ་དབང་རྒྱལ་གྱིས་བཞེངས་པའི་མཁན་ཆེན་གྱི་འདྲ་སྐུ་དང་བྱེ་སྨད་ཏ་རོ་ཡོན་ཏན་བཀྲ་ཤིས་ཀྱིས་བཞེངས་པའི་ཇོ་སྐུ་སོགས་ཡོད།

ཐུགས་རྟེན་མཁན་ཆེན་ངག་དབང་གྲགས་པའི་སྐུ་གདུང་། སྟག་གཟིག་བསྟན་པའི་གདུང་རྟེན།མཁས་གྲུས་ཐུགས་སྲས་ཆོས་ཀྱི་གྲགས་པའི་སྐུ་གདུང་ནང་བཞུགས་ས་འབུམ་སོགས་ཡོད་དོ།།

དགོན་པའི་ལྷ་སྡེ་ནི་རྭ་གྱོ་སྡེ་བ་ཡིན་ནོ།།

《རྔ་ཁུལ་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེའི་མཚམས་སྦྱོར་སྙན་པའི་དུང་སྒྲ》ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།


གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།