མདོ་ཁམས་རྟའུ་ཉི་མཚོ་ཐོས་བསམ་དར་རྒྱས་གླིང་།

ཡོང་ཁུངས།   སྤེན་ནག་ཚང་བོད་སྐད་ཡིག་འཕྲིན་སྟེགས།     སྤེལ་དུས།  2016-03-16 20:48:48     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ཏྲེ་ཧོར་ད་ར་ཁག་ལྔའི་ཡ་གྱལ་རྟའུ་ཤོད་ཆེན་ལྗོངས་ནི་གནམ་གཤིས་ཚ་དྲོ་སྙོམས་ཤིང་། རི་ཀླུང་རྩྭ་ཆུ་འཛོམས་པའི་ས་ཆ་སྐྱིད་ཞིག་ཡིན། ལུང་པ་དེའི་བྱང་ཤར་མཚམས་ཀྱི་རི་འདབས་ལ་རྟའུ་ཉི་མཚོ་དགོན་པ་ཆགས་ཡོད།

        དགོན་པ་དེ་ནི་ཐོག་མར་བོན་པོའི་དགོན་པ་ཞིག་ཡིན་ལ།དེར་བོན་བླ་གཡུང་དྲུང་རྒྱལ་མཚན་ཞེས་མཐུ་དང་ནུས་པ་ཡོད་པའི་བླ་མ་གྲགས་ཅན་ཞིག་ཕེབས་མྱོང་ལ།ད་ལྟའི་དགོན་རྙིང་ཁང་ཚན་ཞེས་པ་དེ་ཡིན། བོན་དགོན་ནས་བརྩིས་ན་དགོན་པ་དེར་ལོ་སྟོང་ཕྲག་དག་གི་ལོ་རྒྱས་ཡོད་པ་དང་། དེའི་རྗེས་རྒྱལ་དབང་ལྔ་པའི་བོད་ཀྱི་སྲིད་དབང་བཟུང་སྐབས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱུག་ལས་རྣམ་རྒྱལ་གྱིས་ཕྱི་ལོ་༡༦༦༢ལོར་དགེ་ལྡན་པའི་དགོན་པར་བསྒྱུར་ནས་རྟའུ་ཉི་མཚོ་ཐོས་བསམ་དར་རྒྱས་གླིང་ཞེས་མཚན་གསོལ།འབྲོག་རི་ཆོས་མཛད་མཆོག་གིས་དགོན་པ་རྒྱ་བསྐྱེད་བཏང་ནས་ཁང་ཚན་བཞི་བཙུགས་ཤིང་གྲྭ་རྒྱུན་ཡར་རྒྱས་གོང་འཕེལ་བཏང་ནས་རྟའུ་ཉི་དགོན་པ་སྟོང་དང་དགུ་བརྒྱ་ཞེས་གྲྭ་ཚད་གཏན་འཁེལ་མཛད། དགོན་པ་དེའི་ནང་དོན་གྱི་སྐྱེས་ཆེན་དམ་པ་མང་པོ་ཕེབས་ཀྱང་ཡོངས་སུ་གྲགས་པ་ནི་དགེ་བཤེས་ཡ་མ་ཚེ་དཔག་མཆོག་དང་། དགེ་བཤེས་རྟ་གོ་ལེགས།དགེ་བཤེས་ཆོས་དབྱངས་དཔལྡན།མའུ་ཆོས་མཛད་བློཟང་དཔལྡན།སྤང་ནང་རིན་པོ་ཆེན་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་བཅས་ཡིན། ད་ལྟའི་ཆར་དགོན་པ་དེར་གཞི་གསུམ་གྱི་ཆོ་ག་དང་།ཚོགས་ཆོས་ར།

       མདོར་ན་རྒྱལ་བའི་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཡར་ངོའི་ཟླ་དང་དབྱར་གྱི་མཚོ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པ་དེ་ལྟར་ལེགས་སོ།།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།