ཆུ་བར་དགོན།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:44:36     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 ཆུ་བར་དགོན་ནི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་སྟེ། དེར་ཧོར་ཟླ་དང་བོར་སྨོན་ལམ་དང་གཏོར་རྒྱག   ཟླ་གསུམ་པར་སྨན་བླ། ཟླ་བཞི་བར་མ་ཎི་རིལ་སྒྲུབ་དང་བསྙུང་གནས། ཟླ་དྲུག་པར་མཎྡལ་བཞི་བ། ཟླ་དགུ་བར་ཀུན་རིག   ཟླ་བཅུ་བར་ལྔ་མཆོད། ཟླ་རེའི་ཚེས་བརྒྱད་ལ་སྨན་བླ་ཚོགས་འདོན་བྱེད་པ་སོགས་ཀྱི་ཕྱག་སྲོལ་ཡོད།

རྟེན་གྱི་གཙོ་བོ་སྨན་ལྷ་དང་མི་འཁྲུག་པ། ཇོའི་སྐུ་མི་ཚད་ལོངས་པ། སྨན་བླ་བདེར་གཤེགས་བརྒྱད། བཤགས་ལྷ་སོ་ལྔ། ཚེ་ལྷ་རྣམ་གསུམ་གྱི་སྐུ་ཁྲུ་གང་མ་རེ་སོགས་དང་གསུང་གི་རྟེན་ལའང་སྡེ་དགེ་བཀའ་འགྱུར་སོགས་བཞུགས།  སྡེ་འདི་ནས་མདོ་སྔགས་ཀྱི་གཞུང་དང་སྒྲ་སྙན་སྨན་རྩིས་སོགས་ལ་མཁས་པའི་གྲྭ་བཙུན་མང་དུ་བྱུང་ནའང་། མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པ་ནི་ལེ་བླ་མ་ཞེས་པ་ལགས་ཏེ། ཁོང་ནི་སྔར་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གི་སྐུ་རིང་ལ་གཙང་ཉིད་དགོན་པའི་ཁྲི་བ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་མཛད་ལ་བཞུགས། སོག་ཡུལ་དུའང་གདུལ་བྱ་ཤིན་ཏུ་རྒྱས། གཙང་ཉིད་དགོན་པར་ཇོའི་སྐུ་དང་། ཆོས་འཁོར་རི་དྭགས་ཕོ་མོ། རྣམ་བཅུ་དབང་ལྡན།  ཙི་དུང་སོགས་འཇོག་པ་རྒྱ་ཆེ། དགོན་སྡེ་འདིར་སྔོན་ཆད་ཀྱང་དམག་གིས་བརྒྱབ་སྟེ་ཆག་འཇིག་བྱུང་མྱོང་ལ། ཕྱིས་སུ་སྤྱི་ལོ1958ལོ་དང་རིག་གནས་གསར་བརྗེའི་སྐབས་སུའང་ཆག་འཇིག་བྱུང་མྱོང་ཡོད་པ་འདྲ།།

བརྒྱུད་འགོད།