སྟག་ལུང་དགོན།

    སྤེལ་དུས།  2018-09-10 22:26:31         ཀློག་ཐེངས།  

ཐུང་ཤན་དུ་སྟག་ལུང་དགོན་དགའ་ལྡན་དམ་ཆོས་གླིང་ནི།རྟ་ནག་སྤྲུལ་སྐུ་ཀུ་ཤྲི་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མས་བཏབ། འདིའི་གོང་མ་རྟ་ནག་པ་ཀུན་དགའ་རྣམ་སྲས་ནི་པཎ་ཆེན་ཡེ་ཤེས་རྩེ་མོའི་སྐྱེ་པར་གྲགས།བཀྲ་ཤིས་ལྷུན་པོར་སྦྱང་བ་མཛད། པཎ་ཆེན་ཆོས་རྒྱན་གྱི་དངོས་སློབ་ཐུགས་ཟིན་ཡིན་ཞིང་དེའི་བཀའ་ལྟར་ཨ་མདོར་བྱོན། འབུམ་གླིང་གི་བྱམས་སྐུ་ཆེན་མོ་ལ་གསེར་ཆབ་གསོལ། ཧན་སྟག་ལུང་དགོན་པར་མཚན་ཉིད་བཙུགས། དེར་གཤེགས་པའི་སྤྲུལ་སྐུ་ཀུ་ཤྲི་འདི་ཉིད་ཡིན་ལ། ཁོང་བྱ་ཁྱུང་ཉེ་འདབས་མདོ་བ་ཞེས་

པར་འཁྲུངས། སྒོ་མང་དུ་སློབ་གཉེར་དང་། ངམ་རིང་དུ་གྲྭ་སྐོར་མཛད། བཀྲ་ཤིས་ལྷུན་པོའི་སྔགས་པ་བླ་མར་ཕེབས། པཎ་ཆེན་རིན་པོ་ཆེའི་ལུང་བསྟན་བཞིན་མདོ་སྨད་དུ་བྱོན། ཧན་སྟག་ལུང་། མཆོད་རྟེན་ཐང་། སེམས་ཉིད་དགོན། ཏེ་ཐུང་དགོན་ཆེན་རྣམས་ཀྱི་བླ་མ་མཛད། ཇག་རུང་གི་ཡར་ལུང་དགོན་དང་། ཆོས་སྡེ་འདི་ཉིད་བཏབ། དགོན་འདི་གཉིས་ཀྱི་མཆོད་གཞིས་ཆེད་དུ་རྒྱ་ནག་ཕོ་བྲང་དུ་བྱོན།བདེ་སྐྱིད་རྒྱལ་པོས་གཟིགས་པ་ཆེ་བས་ཕོ་བྲང་ནང་གི་ཆ་ཀྭན་བེའི་བླ་མ་མཛད། སྔ་ཕྱིར་བོད་དུ་ལན་བཞི།རྒྱ་ནག་ཏུ་ལན་བཞི་ཕེབས། དགོན་ལུང་ཁྲིར་བཞུགས། གསུང་རྩོམ་དང་ལུང་བསྟན་འགའ་ཞིག་སྣང་།དེའི་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ། དེའི་སྤྲུལ་སྐུ་ཀུ་ཤྲི་བློ་བཟང་བསྟན་པའི་རྒྱལ་མཚན། དེའི་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མདུན་ནས་དགེ་ཚུལ་སྒྲུབ་དུས་ཇ་སག་བླ་མ་བློ་བཟང་ཐུབ་བསྟན་རྒྱ་མཚོས་གཙོས་དགོན་པའི་ལས་སྣེས་སྟོན་ཆེན་ཕུལ་ཚུལ་ཡོད་པ་སྟག་ལུང་དཔལ་ལྡན་ཐུབ་བསྟན་རྒྱ་མཚོ་པ་ཡིན་ལ། ཁོང་གིས་སྡེ་བཞིའི་དཀར་ཆག་ཀྱང་བརྩམས། སུམ་པས་རྟ་ནག་སྤྲུལ་སྐུས་བཏབ་རྗེས་སུ།ཨེ་རྟི་ནི་ཆོས་རྗེ་བློ་གྲོས་བསྟན་དར་བས་བསྐྱང་བར་གསུངས་ཤིང་། འདིའི་སྤྲུལ་སྐུ་ཀློང་རྡོལ་བླ་མའི་དངོས་སློབ་དགུང་ལོ་བརྒྱ་བཞུགས་པ་མཁན།ན་བློ་བཟང་ཐུབ་བསྟན་རྒྱ་མཚོ། དེའི་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོ་སྟེ་སྐྱེ་རྒྱུད་རིམ་བྱོན་ལ་ཁྲི།ན་ཚང་ཟེར།གཉིས་ཀའི་འཁྲུངས་རབས་གསོལ་འདེབས་དཔལ་ལྡན་པས་བསྒྲིགས་པ་སྣང་། 


བརྒྱུད་འགོད།