མཆོད་ྲརྟེན་ཐང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-10 22:25:04     རྩོམ་པ་པོ།   བྲག་དགོན་པ་བསྟན་པ་དར་རྒྱས།    ཀློག་ཐེངས།  

མཆོད་རྟེན་ཐང་ནི། རྗེ་མདོ་རྒྱུད་རྒྱ་མཚོ་གདན་དྲངས། དགོན་པ་འདེབས་པར་ཞུས་པ་ཞལ་གྱིས་བཞེས། མཆོད་གཞིས་ཚོ་གསུམ་གྱིས་རང་རང་གི་སར་འདེབས་རྒྱུའི་འདོད་དབང་བཟུང་བར། རྗེ་ཉིད་ནས་ས་བཀྲ་ལེགས་པ་ཞིག་བཙལ་དགོས་གསུངས་ཏེ་མཆོད་རྟེན་ཐང་དུ་ཕེབས་རྒྱུ་བྱས། སྔོན་ཀརྨ་རོལ་པའི་རྡོ་རྗེ་ལང་ཇུས་སུ་ཕེབས་སྐབས་འཇུ་ལག་ཆུ་འགྲམ་དུ་ཀླུ་གདུག་པ་ཅན་ཞིག་གནས་པ་དམ་ལ་བཏགས་པའི་དམ་རྟགས་སུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པས་མཆོད་རྟེན་ཐང་དུ་ཐོགས། མཆོད་རྟེན་བཞེངས་པའི་ཤུལ་དེང་སང་ཡང་ཡོད། པྲ་སྒོམ་གྱིས་འཇུ་བཏུལ་སྐབས་དམ་ལ་བཏགས་ཟེར་བའང་སྣང་། འདི་དང་ཉེ་བར་ཀླུ་བདུད་མགོ་དགུ་པའི་གནས་རྦ་ཀློང་འཁྱིལ་པའི་ཆུ་མིག་ཡོད། གནས་འདིའི་ཕུར་འདན་མ་གྲུབ་ཆེན་གྱི་ཞལ་སློབ་རི་ཁྲོད་པ་ཁ་ཤས་ཡོད་པའི་སྟེང་དུ་རྒྱ་ཏིག་དོབ་ཚང་། སྔོ་ཁོ་གསུམ་གྱི་གྲྭ་བ་རྣམས་བསྡུས་ནས་རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བཏབ།ཚོགས་འདོན་སྐོར་དང་འགྲིག་ལམ་ཞལ་བཀོད་གནང་། འདན་རྣམ་དུ་རྗེ་དེ་ཉིད་ཀྱིས་དགོན་པའི་རྨང་བཏིང་བ་སྟོང་འཁོར་སྤྲུལ་སྐུར་ཕུལ་ཞེས་བཤད། ལྔ་པ་ཆེན་པོས་བཀྲ་ཤིས་དར་རྒྱས་གླིང་ཞེས་པའི་མཚན་བསྩལ།པཎ་ཆེན་ཆོས་རྒྱན་གྱི་གསུང་ལྟར་ཚངས་པ་སྲུང་མར་བསྟེན།སུམ་པའི་ཆོས་འབྱུང་དུ་བདེ།ུ་སྒོམ་པ་ཞིག་བསྡད་པའི་གཞིའི་སྟེང་དུ་རྗེ་མདོ་རྒྱུད་རྒྱ་མཚོས་དར་བར་བྱས་ཞེས་འབྱུང་། དེ་རྗེས་འདན་མ་གྲུབ་ཆེན་ལ་ཞུས་ཏེ་མཚན་ཉིད་ཚུགས། འགྲིག་ལམ་བཀྲ་ཤིས་སྒོ་མང་ལྟར་ལ་ཡུལ་དུས་དང་བསྟུན་པའི་བཀོད་ཁྱབ་མཛད།དབུ་ཕར། འདུལ་མཛོད་བསྡུས་གྲྭ་བཅས་ཀྱི་བརྩི་བཞག་བཏང་། རྗེ་དེ་ཉིད་ཀྱི་ཕྱག་བཞེས་མཛད་སྲོལ་གྱི་དབང་གིས་སྡེ་འདི་འདུལ་ཁྲིམས་ལ་གཅེས་སྤྲས་ཆེ་ཞིང་འདོད་ཆུང་ཆོག་ཤེས་ལྟ་གྲུབ་གཙང་བའི་མིག་ལྟས་དུས་ཕྱིས་བར་ཡོད། དགོན་འདི་རང་ནས་སློབ་གཉེར་བྱས་པས་མཁས་བཙུན་བཟང་འཛོམས་ཆེས་མང་ཞིང་དབུས་གཙང་སོགས་གྲྭ་ས་གཞན་ནས་ཀྱང་དགེ་བཤེས་ཐོན་པ་མང་། སྟོང་སྐོར་ལྔ་པ་རྗེ་ངག་དབང་བསོད་ནམས་རྒྱ་མཚོས་ཞལ་བདག་མཛད། བཅའ་ཡིག་བཞག་འཆད་ཉན་གོང་འཕེལ་གྱི་ཐབས་ཚུལ་ལྷུར་བཞེས། ལོངས་སྤྱོད་བཀྲེན་པ་ལ་ཛམ་དཀར་གཏེར་སྒྲུབ་མཛད་པས་དེང་སང་ཡང་གྲྭ་རྐྱང་རྣམས་ཆ་རྐྱེན་གྱིས་མི་ཕོངས་ཟེར།ལམ་རིམ། བསྐྱེད་རྫོགས། ལྕགས་མཁར་སོགས་ཀྱི་ཁྲིད། རྡོ་རྗེ་འཕྲེང་བ་སོགས་སྤྱི་དང་ཟུར་བཀའི་དབང་མང་དུ་གནང་། འཇིག་རྟེན་གྱི་སྤྲོས་པ་ཆུང་པས་བཞུགས་འདུན་ཆེ་བ་བཞིན་རྒྱུན་བཞུགས་མཛད།ཆུ་སྟག་བཅུ་པའི་མར་ངོར་ཉིད་ནས་རྡོ་རྗེ་སློབ་དཔོན་གནང་སྟེ་དབེན་ས་ལུགས་ཀྱི་ལྕགས་མཁར་ཟུར་བཅུ་དྲུག་པ་འཆམ་བཅས་ཚུགས། ཉེར་དགུའི་ཉིན་གཏོར་རྒྱག་མཛད་པར་འབྲུག་སྒྲ་དྲག་པོ་དང་ཐོགས་རྒྱུག་པ་སོགས་ཀྱི་ལྟས་བྱུང་། རིམ་གྲོ་གཞན་ཡང་མང་དུ་བསྒྲུབས་པས་ཆུ་ཡོས་དུས་འཁྲུགས་སྐབས་དམག་ཆེན་དགོན་པར་སླེབས་ཀྱང་སྐྱོན་མ་བྱུང་བ་ཐུགས་རྗེའི་མཐུར་གླེང་། ཟི་ལིང་དཔོན་པོས་བཙོན་དུ་བཅུག་པར་རྫུ་འཕྲུལ་གྱིས་ཐར།གསར་རྙིང་གཉིས་ཀའི་ཕྱོགས་ལ་གསན་པ་རྒྱ་ཆེ་ཞིང་གྲུབ་མཐའ་རིས་མེད་ལྟ་བུར་སྣང་ནའང་སྡེ་འདིར་རིམ་གྲོར་ཡང་རྙིང་བོན་གྱིས་ཆོ་ག་བྱས་མི་ཆོག་པ་བཅའ་ཡིག་ཏུ་བཀོད། ཆོས་སྐྱོང་ལ་གཏད་གཉེར་གནང་བས་དེང་སང་ཡང་དེ་འདྲ་བྱེད་མཁན་བྱུང་ན་མི་ཤིས་པ་དངོས་སུ་འབྱུང་། རྗེ་དྲུག་པ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་ཀྱང་ཆོས་རྒྱལ་ཕྱི་སྒྲུབ་ཀྱི་གཏོར་ཆེན་ཤིན་ཏུ་གཉན་ཆ་ཅན་བཙུགས་པའི་རྒྱུན་ད་ལྟ་གནས།

བརྒྱུད་འགོད།