བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེ་ངོ་སྤྲོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-15 18:15:31     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20190415224912.jpg

མདོ་སྨད་ཀྱི་བསྟན་པའི་འབྱུང་ཁུངས་བླ་བྲང་བཀྲ་ཤིས་འཁྱིལ་བའི་སྡེ།

微信图片_20190418095929.jpg

ཀུན་མཁྱེན་འཇམ་དབྱངས་བཞད་པས་བཞེངས་པའི་ཐོས་བསམ་གླིང་།

微信图片_20190415181421.jpg

༄༅།།དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་། 

༄༅།། གྲྭ་ཚང་འདི་ནི་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་ ༧ ཡབ་རྗེ་དཀོན་མཆོག་འཇིགས་མེད་དབང་བོས་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་སྤྱི་ལོ༡༧༦༣ལོར་ཕྱག་འདེབས་མཛད། སྡེ་འདིར་དཔལ་དུས་ཀྱི་འཁོར་ལོ་དང་། ཀུན་རིག  རྣམ་སྣང་མངོན་བྱང་གསུམ་གྱི་སྒྲུབ་མཆོད་དང་། བསྐྱེད་རྫོགས་ཀྱི་ཁྲིད། སྒྲ་སྙན་ངག་རྩིས་ས་རིས་ལཉྩ་ཝརྟུ་སོགས་སྦྱངས་པ་བྱེད་པའི་སྲོལ་ཚུགས་ཡོད། འདུ་ཁང་འདིའི་ནང་རྟེན་གྱི་གཙོ་བོ་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་ཐུགས་དམ་གྱི་རྟེན། རྗེ་འཇིགས་མེད་དབང་བོའི་སྐུ་བརྙན་བྱིན་ཅན། དངུལ་གྱི་བྲིས་པའི་བཀའ་འགྱུར། སྡེ་ཁྲི་སྐུ་ཕྲེང་གཉིས་པ། ཞང་སྟོན་བསྟན་པ་རྒྱ་མཚོ། མཁས་དབང་གུང་ཐང་བློ་གྲོས་ཀྱི་སྐུ་གདུང་མཆོད་རྟེན་རྣམས་འདིར་བཞུགས་ཡོད།

      བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས།                                                  

                                སྤྱི་ལོ་༡༩༨༧ཟླ་༦ཚེས༡༥ལ།

微信图片_20190415181414.jpg

༄༅།། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་།

གྲྭ་ཚང་འདི་ནི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་༧ སྐྱབས་མཆོག་འཇིགས་མེད་དབང་བོས་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་སྤྱི་ལོ་༡༧༨༤ལོར་ཕྱག་འདེབས་མཛད་པ་ཡིན། སྡེ་འདི་གའི་འཆད་ཉན་གྱི་གཙོ་བོ་ནི་གསོ་བ་རིག་པའི་རྒྱུད་བཞི་དང་། ལམ་རིམ་ཁྲིད། སྨན་བླ་དང་མི་འཁྲུགས་པ། རྟ་མགྲིན་པདྨ་གར་དབང་གསུམ་གྱི་སྒྲུབ་མཆོད་བཅས་ཡིན། སྨན་དཔྱད། སྦྱོར་སྡེབ། ངོ་སྤྲོད། ལག་ལེན་དམར་ཁྲིད་སོགས་བཤད་སྒྲུབ་ཟུང་འབྲེལ་གྱི་གསོ་བ་རིག་པའི་ཁྲིད་རྒྱུན་ཁྱད་འཕགས་ཚུགས་ཡོད། སྡེ་འདིའི་ནང་རྟེན་གྱི་གཙོ་བོ་ནི་སྐྱབས་མགོན་མཆོག་ནས་གནང་བའི་སྒྲོལ་དཀར་གྱི་སྐུ་བརྙན་བྱིན་ཅན། རྒྱལ་བ་མི་འཁྲུགས་པའི་སྣང་བརྙན་གསུང་བྱོན། ༧ རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གདུང་རྟེན་བྱང་ཆུབ་མཆོད་རྟེན། གསེར་དངུལ་གྱི་བྲིས་པའི་བརྒྱད་སྟོང་བ་དང་བསྐལ་བཟང་བཀའ་བསྟན་སོགས་རྟེན་བྱིན་ཅན་མང་བོ་ཡོད།

      བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས།

                  སྤྱི་ལོ་༡༩༨༧ཟླ་༦ཚེས་༡༥ལ།


ཀུན་མཁྱེན་བཞི་བས་བཞེངས་པའི་ཀྱེ་རྡོར་གྲྭ་ཚང་།


ཀུན་མཁྱེན་ལྔ་བས་བཞེངས་པའི་རྒྱུད་སྟོད་པ།


ཀུན་མཁྱེན་འཇམ་དབྱངས་བཞད་པས་བཞེངས་པའི་རྒྱུད་སྨད་པ།

微信图片_20190415181335.jpg

༄༅།།གསེར་ཁང་ཆེན་མོ་ཚེ་དགའ་གླིང་།

ལྷ་ཁང་འདི་ནི་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་སྤྱི་ལོ་༡༧༨༨ལོ་བཞེངས་འགོ་བརྩམས་ཏེ། སྤྱི་ལོ་༡༧༩༡ལོར་ལེགས་པར་གྲུབ། བཟོ་བཀོད་ཕུན་སུམ་ཚོགས་པའི་རྒྱ་ཕིབས་འདི་བླ་མ་དཀར་པོའི་སྐུ་ཐོག་གོང་མས་བཞག ༧རྗེ་སྐྱབས་མཆོག་འཇིགས་མེད་དབང་བོས་རྒྱལ་བསྟན་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་དགོངས་ཏེ། བྱམས་བཞུགས་མ་ཡིན་པར་རྡོ་རྗེ་སྐྱིལ་ཀྲུང་དང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་ཅན་བྱམས་སྐུ་མཐོང་བ་དོན་ལྡན་འདི་བཞེངས་ཏེ། དགོན་སྡེ་འདིའི་རྟེན་གྱི་གཙོ་བོར་གྱུར། སྟེང་ཁང་དུ་གསེར་གྱི་བྲིས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་གོས་ཆེན་གྱི་ཐུམ་གདོང་དར་དང་དར་གྱི་གླེགས་ཐག  ཙན་དན་གྱི་གླེགས་ཤིང་སོགས་ཁྱད་དུ་འཕགས་པའི་གླེགས་བམ་བཞུགས་ཡོད། ལྷ་ཁང་འདིའི་སྒོ་འཕྱོར་དུ་གོང་མ་གྱ་ཆིན་གྱིས་གནང་བའི་རྒྱ་བོད་ཧོར་སོག་གི་ཡིག་རིགས་བཞི་ལྡན་གྱི་ཚེ་དགའ་གླིང་ཞེས་སྒོ་བྱང་བཀལ་ཡོད།།

   བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས།

                       སྤྱི་ལོ་༡༩༨༧ལོའི་ཟླ་༦ ཚེས་༡༥ལ།



ཞབས་བརྟན་ལྷ་ཁང་།

微信图片_20190416125538.jpg

སྒྲོལ་དཀར་ལྷ་ཁང་།ཧོར་གཙང་ཚང་གིས་བཞེངས།


ཇོ་ཁང་ཆེན་མོ།

微信图片_20190418095923.jpg

བསོད་གྲགས་ཚང་གིས་བཞེངས་པའི་གདུགས་དཀར་ལྷ་ཁང་།


ཐུགས་རྗེ་ཆེན་པོའི་ལྷ་ཁང་།

微信图片_20190415181327.jpg

རྟ་མགྲིན་ལྷ་ཁང་།

དབང་ཆེན་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་གཞལ་མེད་ཁང་འདི་ནི། ཀུན་མཁྱེན་སྐུ་འཕྲེང་བཞི་བ་༧རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་བཀའ་གནང་ལྟར། སྒང་ཁ་ཚང་སྤྲུལ་བའི་སྐུ་ནས་རྔ་ཆེན་ཞེས་པ་༡༩༢༢ལ་རྟ་མགྲིན་གྱི་སྐུ་ཁྲུ་ཚད་ཉེར་གཅིག་པ་བཞེངས་གྲུབ་ནས། ༧ཀུན་མཁྱེན་སྐུ་འཕྲེང་ལྔ་བ་མཆོག་གི་མདུན་སར་ལྷ་ཁང་གསར་བཞེངས་ཀྱི་ས་བརྟགས་ཕུལ་བ་ལ་བརྟགས་ལན་གནང་། དེ་ནས་རིམ་བཞིན་བཞེངས་ཏེ་ཆུ་ལུག་ལོར་༡༩༤༢རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། རྗེས་སུ་ལོ་བཅུའི་ཟིང་ཆའི་ནང་ཤུལ་མེད་དུ་གཏོར་བཤིགས་བཏང་། ཉེ་ཆར་༧ཀུན་མཁྱེན་དྲུག་པ་མཆོག་གི་བཀའ་ལུང་སྤྱི་བོར་བླངས་ཏེ། མདོ་སྨད་རྔ་ཡུལ་སྒོ་མང་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་སྤྲུལ་བའི་སྐུ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེས་ལྷ་ཁང་ཕྱི་ནང་གི་རྟེན་དང་བརྟེན་པ། མཆོད་རྫས་ཡོ་བྱད། གསེར་ཏོག་རྒྱལ་མཚན་ར་སྐོར་དང་བཅས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཀྱི་མཆོད་སྤྲིན་སྤྲོས་ཏེ་རབ་གནས་མེ་ཕག་ལོར་༢༠༠༧ལེགས་པར་གྲུབ། ཐམས་ཅད་གསེར་ཟངས་ལས་གྲུབ་པའི་གཙོ་སྐུའི་མཐོ་ཚད་ལ་སྤྱི་ཁྲུ་བཅུ་གཉིས་ཙམ་དང་། དེའི་གཡས་སུ་རྗེ་སྐུ་དང་། གཡོན་དུ་སློབ་དཔོན་གྱི་སྐུ་གཉིས་སོ་སོར་སྤྱི་ཁྲུ་གསུམ་རེ་ཡོད། བཟོ་རྩལ་དང་ལྡེབས་རིས་སྣ་ཚོགས་བཅས་ཕུན་སུམ་ཚོགས་ཞིང་བྱིན་རླབས་ཀྱི་གཏེར་ཆེན་པོར་གྲུབ།

微信图片_20190415181318.jpg

དཔེ་མཛོད་ལྷ་ཁང་།ཧོར་གཙང་སྐུ་ཕྲེང་བཞི་བས་བཞེངས།

微信图片_20190415181312.jpg

རྗེ་ལྷ་ཁང་ཆེན་མོ།

སྡེ་བ་ཚང་གི་འཇམ་དབྱངས་ལྷ་ཁང་།

ཅོང་གུར་ཚང་གི་ཇོ་ཁང་།

དབལ་མང་ཚང་གིས་བཞེངས་པའི་འཇམ་དབྱངས་ལྷ་ཁང་།

ཟམ་ཚ་ཚང་གིས་བཞེངས་པའི་སེང་གེའི་ང་རོའི་ལྷ་ཁང་།

微信图片_20190415181304.jpg

བླ་བྲང་དགོན་པའི་འགྲེམ་སྟོན་ཁང་།


微信图片_20190415181405.jpg

བླ་བྲང་དགོན་པའི་གུང་ཐང་མཆོད་རྟེན་མཐོང་གྲོལ་ཆེན་མོ།གུང་ཐང་བསྟན་པའི་སྒྲོན་མེས་བཞེངས།

99b90fdf355e4375db21fa3832543166.jpg

པར་ཁང་ཆེན་མོ།

微信图片_20190416125225.jpg

ས་སྒང་མཆོད་རྟེན། ཀུན་མཁྱེན་འཇིགས་མེད་དབང་བོའི་ཐུགས་བཀོད་ལྟར་མཛོད་དགེ་ཨ་ཁུ་ཚང་གིས་བཞེངས།

微信图片_20190418095639.jpg

ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོས་བཞེངས་པའི་གནས་ཆུང་བཙན་ཁང་།


པར་ལེན་མཁན་ནོར་བཟང་རྒྱ་མཚོ་དང་འཇམ་དབྱངས་ཤེས་རབ་སོགས།ཡི་གེ་གཏག་མཁན།མང་རའི་ཆོས་འཕེལ། གཡོན་རུའི་ཟླ་བ།བྱ་མདོའི་སྐལ་བཟང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།