བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཆོད་མཇལ་བའི་ལམ་ཡིག

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-15 18:15:31     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20190415224912.jpg

མདོ་སྨད་ཀྱི་བསྟན་པའི་འབྱུང་ཁུངས་བླ་བྲང་བཀྲ་ཤིས་འཁྱིལ་བའི་སྡེ།

       བཀྲ་ཤིས་འཁྱིལ་ནི་མདོ་སྨད་ལྷོ་རྒྱུད་ཀྱི་དགེ་ལུགས་དགོན་ཆེན་གྱི་ཡ་གྱལ་ཞིག་སྟེ། ཡོངས་གྲགས་སུ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་འབོད་སྲོལ་ཡོད། བཀྲ་ཤིས་འཁྱིལ་ཞེས་པ་དགོན་པའི་མིང་ཡིན་པ་ལས་འཇམ་དབྱངས་བཞད་པའི་བླ་བྲང་གི་མིང་མིན་ཀྱང་བླ་དགོན་ཆབས་ཅིག་ཏུ་མིང་འབོད་སྲོལ་དེ་ལྟར་ཡོངས་གྲགས་ཀྱི་ཁ་རྒྱུན་དུ་འཇགས་མུས་ཡིན། དགོན་ཆེན་འདི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་གླང(༡༧༠༩)ལོར་ཕྱག་བཏབ། 

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20191006074652.jpg

微信图片_20191006074641.jpg

བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་ཁང་གི་དཀར་ཆག་དང་ས་ཁྲ།

དེང་སང་ཀན་སུའུ་ཞིང་ཆེན་ལྷོ་རྒྱུད་ཀྱི་ཤཱ་ཧོ་ཤན(夏河县)གྱི་བསང་ཆུ་འབབ་རྒྱུད་ཀྱི་འགོར་ཡོད། དགོན་གནས་འདི་ཐོག་མར་གསར་འདེབས་ཀྱི་སྦྱིན་བདག་ནི་མཚོ་སྔོན་གྱི་དཔོན་ཆེན་དགའ་ལྡན་ཨེར་ཏི་ནི་ཇུ་ནང་གིས་བྱས་ཤིང་། གྲྭ་པ་བརྒྱ་ལྷག་ཙམ་གྱིས་རྟེན་གཞི་བྱས་ཏེ་འཛིན་གྲྭ་ཚུགས་པ་དང་། རྩི་བཞག་གཏོང་བ་སོགས་ཀྱི་མཛད་ཐབས་ལ་བརྟེན་ནས་མཚན་ཉིད་གྲྭ་ཚང་གི་རྨང་གཞི་བཏིང་བར་མཛད། གཙུག་ལག་ཁང་ལྟེ་བའི་རྨང་བཏིང་ནས་མ་གྲུབ་བར་མཁན་པོ་ནོ་མིན་ཧན་དང་། ཨེར་ཁེ་དའི་ཆིང་གཉིས་ནས་ཕུལ་བའི་ཚོགས་གུར་གྲྭ་པ་བརྒྱད་བརྒྱ་ཙམ་ཤོང་བ་ཞིག་གི་ནང་ཚོགས་འདོན་འཆད་ཉན་སོགས་མཛད། འཆད་ཉན་དང་། ཆོས་ཐོགཆོས་མཚམས། སྒྲིག་ཁྲིམས་བཅས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྒྱུན་འཛིན་གནང་ཞིང་གྲྭ་གྲངས་ཀྱང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་གཞན་ལས་མང་བ་དགོས་པ་དང་། གྲྭ་གྲངས་ཚད་འཛིན་མི་དགོས་པའི་བཀའ་བཅད་མཛད། རྗེས་སུ་གྲྭ་ཚོགས་ཆེ་དུས་གྲྭ་གྲངས་སུམ་སྟོང་ལྷག་ཙམ་ཡོད་པས་འདུ་ཚོགས་དང་རྩོད་གྲྭ་སོགས་ཚོགས་ཆེན་འདུ་ཁང་དུ་གནང་སྲོལ་འདུགབཀྲ་ཤིས་འཁྱིལ་དུ་གྲྭ་ཚང་དྲུག་ཡོད་པ་སྟེ། ༡ཐོས་བསམ་གླིང་། ༢རྒྱུད་སྨད་གྲྭ་ཚང་། ༣དུས་འཁོར་གྲྭ་ཚང་། ༤སྨན་པ་གྲྭ་ཚང་། ༥ཀྱེེ་རྡོར་གྲྭ་ཚང་། ༦རྒྱུད་སྟོད་གྲྭ་ཚང་བཅས་ཡིན།

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20190415181414.jpg

(1)སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་།

གྲྭ་ཚང་འདི་ནི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་༧ སྐྱབས་མཆོག་འཇིགས་མེད་དབང་བོས་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་སྤྱི་ལོ་༡༧༨༤ལོར་ཕྱག་འདེབས་མཛད་པ་ཡིན། སྡེ་འདི་གའི་འཆད་ཉན་གྱི་གཙོ་བོ་ནི་གསོ་བ་རིག་པའི་རྒྱུད་བཞི་དང་། ལམ་རིམ་ཁྲིད། སྨན་བླ་དང་མི་འཁྲུགས་པ། རྟ་མགྲིན་པདྨ་གར་དབང་གསུམ་གྱི་སྒྲུབ་མཆོད་བཅས་ཡིན། སྨན་དཔྱད། སྦྱོར་སྡེབ། ངོ་སྤྲོད། ལག་ལེན་དམར་ཁྲིད་སོགས་བཤད་སྒྲུབ་ཟུང་འབྲེལ་གྱི་གསོ་བ་རིག་པའི་ཁྲིད་རྒྱུན་ཁྱད་འཕགས་ཚུགས་ཡོད། སྡེ་འདིའི་ནང་རྟེན་གྱི་གཙོ་བོ་ནི་སྐྱབས་མགོན་མཆོག་ནས་གནང་བའི་སྒྲོལ་དཀར་གྱི་སྐུ་བརྙན་བྱིན་ཅན། རྒྱལ་བ་མི་འཁྲུགས་པའི་སྣང་བརྙན་གསུང་བྱོན། ༧ རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གདུང་རྟེན་བྱང་ཆུབ་མཆོད་རྟེན། གསེར་དངུལ་གྱི་བྲིས་པའི་བརྒྱད་སྟོང་བ་དང་བསྐལ་བཟང་བཀའ་བསྟན་སོགས་རྟེན་བྱིན་ཅན་མང་བོ་ཡོད།

      བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས།

                  སྤྱི་ལོ་༡༩༨༧ཟླ་༦ཚེས་༡༥ལ།(མདུན་གྱི་ངོ་སྤྲོད)

631c3122tacce28c86741&690.jpg

(2)ཟམ་ཚ་ཚང་གིས་བཞེངས་པའི་སེང་གེའི་ང་རོའི་ལྷ་ཁང་།

微信图片_20191026192747.jpg

(3)དབལ་མང་ཚང་གིས་བཞེངས་པའི་འཇམ་དབྱངས་ལྷ་ཁང་།

微信图片_20190415181304.jpg

(4)བླ་བྲང་དགོན་པའི་འགྲེམ་སྟོན་ཁང་།

微信图片_20191006112412.jpg

(5)ཀུན་མཁྱེན་འཇིགས་མེད་དབང་བོས་བཞེངས་པའི་གསེར་ཁང་ཆེན་མོ། རྟེན་གྱི་གཙོ་བོ་རྗེ་བཙུན་བྱམས་མགོན།

微信图片_20190418095929.jpg

(6)ཀུན་མཁྱེན་འཇམ་དབྱངས་བཞད་པས་བཞེངས་པའི་ཐོས་བསམ་གླིང་།

དང་པོ། ཐོས་བསམ་གླིང་ནི་གོང་དུ་བཤད་པའི་མཚན་ཉིད་གྲྭ་ཚང་དེ་ལ་ཟེར་ཞིང་། གཞུང་ཆེན་པོ་ལྔ་ལ་སློབ་གཉེར་མཛད་མཁན་འཛིན་གྲྭ་བཅུ་གསུམ་ལ་ལོ་རྒྱུན་རིང་ཐུང་མི་འདྲ་བའི་སློབ་གཉེར་ཐོན་ནས་དཀའ་རམས་དགེ་བཤེས་ཀྱི་ཡོན་ཚད་གནང་གི་ཡོད།

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20191006112406.jpg

(7)རྒྱུད་སྟོད་གྲྭ་ཚང་གསང་སྔགས་རྡོ་རྗེ་གླིང་།ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་༡༩༢༨ལོར་བཞེངས།


 རྒྱུད་སྟོད་གྲྭ་ཚང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་རྒྱུད་སྟོད་མཁན་ཆེན་ཡོངས་འཛིན་གླིང་རིན་པོ་ཆེར་ཐུགས་རེ་གནང་བ་ལྟར། མཁས་བཙུན་བཟང་པོའི་དཔལ་འཛིན་རོང་པ་སྔགས་རམས་པ་ཡེ་ཤེས་དོན་གྲུབ་དང་། དཀྱིལ་འཁོར་འབྲི་སྒྲུབ་མཆོད་བཞེངས་སོགས་ཀྱི་སྒྱུ་རྩལ་ལ་བྱང་ཆུབ་པའི་གྲགས་པ་སྔགས་རམས་པ་བསྟན་པ་ཆོས་ལྡན་གཉིས་ལ་བཀའ་བཀོད་གནང་བ་ལྟར་རབ་བྱུང་བཅུ་དྲུག་པའི་ས་ཡོས་(༡༩༣༩)ལོར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་བསྐྱངས། གྲྭ་གྲངས་ཀྱང་བརྒྱ་དང་ལྔ་བཅུ་ཡས་མས་ཙམ་ཡོད།

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20191006220356.jpg

(8)ཀྱེ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་།ཀུན་མཁྱེན་བཞི་བ་སྐལ་བཟང་ཐུ་བསྟན་དབང་ཕྱུག་གིས་༡༨༧༩ལོར་བཞེངས།

 ཀྱེ་རྡོར་གྲྭ་ཚང་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་གིས་རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ(༡༨༨༡)ལོར་ཀྱེེ་རྡོར་གྲྭ་ཚང་གསར་འཛུགས་མཛད། གྲྭ་གྲངས་བརྒྱ་ལྷག་ཙམ། གྲྭ་ཚང་འདིར་ཆོ་ག་སྣ་ཆོགས་དང་། སྐར་རྩིས། སྒྲ་རིག་པ། རི་མོ་སོགས་སློབ་གཉེར་གནང་སྲོལ་འདུག།

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20190416125538.jpg

(9)སྒྲོལ་དཀར་ལྷ་ཁང་།ཧོར་གཙང་ཚང་གིས་བཞེངས།

微信图片_20190418095923.jpg

(10)བསོད་གྲགས་ཚང་གིས་བཞེངས་པའི་གདུགས་དཀར་ལྷ་ཁང་།

微信图片_20190415181421.jpg

(12)དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་། 

༄༅།། གྲྭ་ཚང་འདི་ནི་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་ ༧ ཡབ་རྗེ་དཀོན་མཆོག་འཇིགས་མེད་དབང་བོས་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་སྤྱི་ལོ༡༧༦༣ལོར་ཕྱག་འདེབས་མཛད། སྡེ་འདིར་དཔལ་དུས་ཀྱི་འཁོར་ལོ་དང་། ཀུན་རིག  རྣམ་སྣང་མངོན་བྱང་གསུམ་གྱི་སྒྲུབ་མཆོད་དང་། བསྐྱེད་རྫོགས་ཀྱི་ཁྲིད། སྒྲ་སྙན་ངག་རྩིས་ས་རིས་ལཉྩ་ཝརྟུ་སོགས་སྦྱངས་པ་བྱེད་པའི་སྲོལ་ཚུགས་ཡོད། འདུ་ཁང་འདིའི་ནང་རྟེན་གྱི་གཙོ་བོ་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་ཐུགས་དམ་གྱི་རྟེན། རྗེ་འཇིགས་མེད་དབང་བོའི་སྐུ་བརྙན་བྱིན་ཅན། དངུལ་གྱི་བྲིས་པའི་བཀའ་འགྱུར། སྡེ་ཁྲི་སྐུ་ཕྲེང་གཉིས་པ། ཞང་སྟོན་བསྟན་པ་རྒྱ་མཚོ། མཁས་དབང་གུང་ཐང་བློ་གྲོས་ཀྱི་སྐུ་གདུང་མཆོད་རྟེན་རྣམས་འདིར་བཞུགས་ཡོད།

      བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས།                                                  

           སྤྱི་ལོ་༡༩༨༧ཟླ་༦ཚེས༡༥ལ།(མདུན་གྱི་ངོ་སྤྲོད)

(14)ཞབས་བརྟན་ལྷ་ཁང་།

微信图片_20190415181312.jpg

(15)རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་བཞེངས་པའི་རྗེ་ལྷ་ཁང་ཆེན་མོ།

微信图片_20190415181318.jpg

(16)དཔེ་མཛོད་ལྷ་ཁང་།ཧོར་གཙང་སྐུ་ཕྲེང་བཞི་བས་བཞེངས།


(17)ཐུགས་རྗེ་ཆེན་པོའི་ལྷ་ཁང་།

99b90fdf355e4375db21fa3832543166.jpg

(18)པར་ཁང་ཆེན་མོ།

微信图片_20190415181327.jpg

(19)རྟ་མགྲིན་ལྷ་ཁང་།

དབང་ཆེན་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་གཞལ་མེད་ཁང་འདི་ནི། ཀུན་མཁྱེན་སྐུ་འཕྲེང་བཞི་བ་༧རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་བཀའ་གནང་ལྟར། སྒང་ཁ་ཚང་སྤྲུལ་བའི་སྐུ་ནས་རྔ་ཆེན་ཞེས་པ་༡༩༢༢ལ་རྟ་མགྲིན་གྱི་སྐུ་ཁྲུ་ཚད་ཉེར་གཅིག་པ་བཞེངས་གྲུབ་ནས། ༧ཀུན་མཁྱེན་སྐུ་འཕྲེང་ལྔ་བ་མཆོག་གི་མདུན་སར་ལྷ་ཁང་གསར་བཞེངས་ཀྱི་ས་བརྟགས་ཕུལ་བ་ལ་བརྟགས་ལན་གནང་། དེ་ནས་རིམ་བཞིན་བཞེངས་ཏེ་ཆུ་ལུག་ལོར་༡༩༤༢རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། རྗེས་སུ་ལོ་བཅུའི་ཟིང་ཆའི་ནང་ཤུལ་མེད་དུ་གཏོར་བཤིགས་བཏང་། ཉེ་ཆར་༧ཀུན་མཁྱེན་དྲུག་པ་མཆོག་གི་བཀའ་ལུང་སྤྱི་བོར་བླངས་ཏེ། མདོ་སྨད་རྔ་ཡུལ་སྒོ་མང་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་སྤྲུལ་བའི་སྐུ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེས་ལྷ་ཁང་ཕྱི་ནང་གི་རྟེན་དང་བརྟེན་པ། མཆོད་རྫས་ཡོ་བྱད། གསེར་ཏོག་རྒྱལ་མཚན་ར་སྐོར་དང་བཅས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཀྱི་མཆོད་སྤྲིན་སྤྲོས་ཏེ་རབ་གནས་མེ་ཕག་ལོར་༢༠༠༧ལེགས་པར་གྲུབ། ཐམས་ཅད་གསེར་ཟངས་ལས་གྲུབ་པའི་གཙོ་སྐུའི་མཐོ་ཚད་ལ་སྤྱི་ཁྲུ་བཅུ་གཉིས་ཙམ་དང་། དེའི་གཡས་སུ་རྗེ་སྐུ་དང་། གཡོན་དུ་སློབ་དཔོན་གྱི་སྐུ་གཉིས་སོ་སོར་སྤྱི་ཁྲུ་གསུམ་རེ་ཡོད། བཟོ་རྩལ་དང་ལྡེབས་རིས་སྣ་ཚོགས་བཅས་ཕུན་སུམ་ཚོགས་ཞིང་བྱིན་རླབས་ཀྱི་གཏེར་ཆེན་པོར་གྲུབ།

དུང་དཀར་ཚིག་མཛོད་ལས་བཤུས།

微信图片_20191006112359.jpg

(20)སྡེ་བ་ཚང་གི་འཇམ་དབྱངས་ལྷ་ཁང་།

微信图片_20191006112406.jpg

(21)ཅོང་གུར་ཚང་གི་ཇོ་ཁང་།

微信图片_20190415181405.jpg

(22)བླ་བྲང་དགོན་པའི་གུང་ཐང་མཆོད་རྟེན་མཐོང་གྲོལ་ཆེན་མོ།གུང་ཐང་བསྟན་པའི་སྒྲོན་མེས་བཞེངས།

 (23)ཇོ་ཁང་ཆེན་མོ།

བླ་བྲང་དགོན་པའི་ཆོས་གྲྭ།.jpg

(23)བླ་བྲང་དགོན་པའི་སྟོན་ཆོས་ཆོས་གྲྭ།

微信图片_20190416125225.jpg

(24)ས་སྒང་མཆོད་རྟེན། ཀུན་མཁྱེན་འཇིགས་མེད་དབང་བོའི་ཐུགས་བཀོད་ལྟར་མཛོད་དགེ་ཨ་ཁུ་ཚང་གིས་བཞེངས།

微信图片_20190418095639.jpg

(25)ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོས་བཞེངས་པའི་གནས་ཆུང་བཙན་ཁང་།

微信图片_20191026192549.jpg

གསར་དུ་བཞེངས་པའི་གནས་ཆུང་བཙན་ཁང་།

མཆོད་མཇལ་བྱེད་དུས་འདུ་ཁང་ཆེན་མོའི་གདུང་མདུན་ནས་དབུ་ཚུགས་ཏེ། རྒྱལ་བ་སེང་གེའི་ང་རོའི་ལྷ་ཁང་ནས་མཇུག་འགྲུབ་དགོས། དེ་ལ་རྟེན་འབྲེལ་གནད་ཁྱད་པར་ཅན་ཡོད་ཟེར།


པར་ལེན་མཁན་ནོར་བཟང་རྒྱ་མཚོ་དང་འཇམ་དབྱངས་ཤེས་རབ་སོགས།ཡི་གེ་གཏག་མཁན།མང་རའི་ཆོས་འཕེལ། གཡོན་རུའི་ཟླ་བ།བྱ་མདོའི་སྐལ་བཟང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།