ཧོར་ཚང་ཀིརྟི་དགོན།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:30:56         ཀློག་ཐེངས།  

ཧོར་ཚང་ཀིརྟི་དགོན་ནི་ཧོར་ཚང་བླ་མ་རྒྱལ་མཚན་གཙོ་བྱས་དཀོན་མཆོག་རྒྱ་ཕྱུག་ཤོག་ཁའི་སྨན་བླརི་ཁྲོདགསུམ་གྱི་གྲྭ་བ་དང་། གྲོང་བའི་རྒན་པོ་རྣམས་ཀྱིས་རྗེ་ཙོང་ཁ་པ་ཆེན་  པོའི་དངོས་སློབ་རོང་བ་ལྗགས་ནག་པའི་སྐུ་ཕྲེང་འཛིན་པ། ཀིརྟི་ཐུབ་བསྟན་ཉི་མ་མཆོག་ལ་  གསོལ་བ་ཡང་ཡང་བཏབ་པའི་ངོར། རབ་བྱུང་བཅུ་བཞི་བའི་ཆུ་ལུགསྤྱི་ལོ༡༨༢༣ལོར་  ཀིརྟི་རི་ཁྲོད་ཕྱག་འདེབས་གནང་། ཕྱིས་དེ་རྒྱ་ཆེར་བསྐྱེད་དེ་བློ་གསལ་གླིང་གི་ཡིག་ཆའི་སྟེང་  ནས་མཚན་ཉིད་ཀྱི་གྲྭ་ཚང་བཙུགས་ཤིང་མདོ་སྔགས་ཟུང་འབྲེལ་དུ་ཉམས་སུ་བསྟར། ཆོ་འཕྲུལ་ཟླ་བར་སྨོན་ལམ་ཉིན་བདུན། བདུན་པའི་རིགས་གྲྭ་ཉིན་བཅོ་ལྔ། ཧོར་ཟླ་བཞི་བ་ལ་མ་ཎི་རིལ་སྒྲུབ་ཉིན་བདུན། གཞན་ཟླ་བ་དགུ་པོ་ལ་ཉིན་བཅུ་བདུན་ནས་ཉིན་ལྔ་བར་གྱི་ཉིན་གྲངས་མི་  འདྲ་བའི་ཆོས་ཐོག་སོགས་ལོ་འཁོར་མར་ཉིན༡༣༥རེ། རྒྱུན་ཇའི་ཚོགས་ཆག་མེད། ཟླ་བ་བྱུང་དོ་ཅོག་གི་ཡར་ངོར་སྐྱོར་ཟླ་དང་ཆོས་ཐོག་སྐབས་མཚན་བསྐྱོར། རྩོད་འདོན་གཉིས་ཀའི་རྒྱུགས། ཚོགས་ཀྱི་ཞལ་འདོན་དང་སྒྲིག་ལམ་བྱིངས་མ་དགོན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ལྟར་བྱེད། ཁྲི་བ་ཀིརྟི་ནས་གཏོང་ལ། སྐུ་ཚབ་ཀྱང་ཀིརྟི་ནས་བསྐོ།

འཕགས་ཡུལ་རྡོ་རྗེ་གདན་ནས་དྲངས་པའི་ཐུབ་སྐུ་ཁྲུ་ཚད་ལོངས་པ། སྒྲོལ་སྐུ་གསུང་བྱོན་སོགས་དང་། སྐྱ་ཐིག་རང་བབས་ཀྱི་རྗེ་ཡབ་སྲས་གསུམ་གྱི་ལོགས་རིས་ཆེ་བ་སོགས་ཞལ་ཐང་དུ་མ། ཁྲི་བ། བླ་མ་གཞུང་ལས་པ། དགེ་བསྐོས། དབུ་མཛད་ཆེ་ཆུང་གཉིས། སྐུ་ཚབ་རྒན་པ་བཞི་  བཅས་ལས་སྣེ་བཅུས་དགོན་པའི་ཁུར་འཁུར་བར་བྱེད། ཀིརྟི་ཐོགས་མེད་བློ་བཟང་འཇམ་    དབྱངས་པས་སྐུ་གཟན་ཁུད་དུ་ཐོག་བཟུང་བའི་གཟན་ཕྱེད་ནང་བཞུགས་ཀྱི་མཆོད་རྟེན་ཁྲུ་  ཉེར་ལྔ་བ། ཀྱ་དགེ་སྤྲུལ་སྐུའི་གདུང་རྟེན་བཅས། འདུ་ཁང་ཆེ་ཆུང་གཉིས་དང་བྱམས་ཁང་།   རྣམ་སྲས་ལྷ་ཁང་། བཙན་ཁང་བཅས་ལྔ། ཀིརྟི་ཚང་། ཁྲི་བ། སེང་གོང་ཚང་། ཧོར་ཚང་བླ་མ།   ཤིང་ཅན་བླ་མ། མ་རི་བླ་མ་བཅས་ནང་ཁག་དྲུག ༡༩༥༨ལོར་བླ་མ་ངག་དབང་ཚུལ་ཁྲིམས་  ཚང་། ཚོགས་གཉིས་ཚང་། སེང་གདོང་ཚང་། གྲྭ་བ་གྱ་བརྒྱད་བཅས་བཞུགས་ཡོད་པ་འདྲ།།  


བརྒྱུད་འགོད།