མདོ་སྨད་འབྲུག་ཆུ་རྫོང་ཨོང་གསུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-24 08:17:26     རྩོམ་པ་པོ།   འཇམ་དབྱངས།    ཀློག་ཐེངས།  

微信图片_20180824081908.jpg

ཨོང་གསུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང་ནི་1697 ལོར་ཇོ་ཏོ་ཚུལ་ཁྲིམས་ཡོན་ཏན་གྱིས་ཕྱག་བཏབ་མཛད། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྦྲ་ལུང་ཞང་གི་ཁོངས་སུ་མཆིས།   དགོན་་སྡེ་འདི་ནི་མདོ་སྨད་འབྲུག་ཆུ་རྫོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཆེའི་ཤོས་ཡིན།

མདོ་སྨད་ཆོས་འབྱུང་ལས་ཨོང་གསུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང་།  ཇོ་ཏོ་ཚུལ་ཁྲིམས་ཡོན་ཏན་ཟེར་བ་སྨད་དུ་སོང་། གོང་མ་ཆིན་ལུང་གིས་ཨ་ཆི་ཐུ་མེ་རྒན་ཆོས་རྗེའི་ཆོ་ལོ་གནང་། ལྕང་སྐྱ་རོལ་བའི་རྡོ་རྗེས་བཀའ་གནང་བ་བཞིན། རང་ཡུལ་དུ་ཨ་མྱེས་ཡུ་གུར་བ་གདན་དྲངས་ཏེ་ཁྱི་ལོར་དགོན་པ་བཏབ།དངུལ་སྲང་གསུམ་བརྒྱ་སྐོར་གྱིས་འདུ་ཁང་བཞེངས།  དགོན་པའི་མཚན་ཀྱང་ལྕང་སྐྱ་རིན་པོ་ཆེ་ནས་གནང་།  ཆེན་ལུང་སོ་ལྔ་བར་ཁྲི་བ་རིན་བྱོན་ལ་ཀུ་ཤྲིའི་བཀའ་ཤོག་བསྩལ།  སེ་རའི་ལྷ་རམས་པ་ཞིག་གིས་སེར་དགོན་ལྟར་གྱི་བཅའ་ཞིག་བཞག    དང་པོར་ཞྭ་སྟེང་མན་ནས་མུ་དང་ཇུ་ཀྱོ་ཞེ་ཡན་གྱི་གྲྭ་བ་ཚོགས་སྲོལ་བྱུང་།  ཀུན་མཁྱེན་བར་མའི་དངོས་སློབ་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་བླ་མ་དཔལ་འབྱོར་གྱིས་བསྡུས་ཚད་ཀྱི་རྩོད་གྲྭ་བཙུགས་པ་ཁོང་གཤེགས་རྗེས་ཉམས།  དེ་དུས་མིང་བཏགས་ཀྱི་སྲོལ་ཡང་ཕྱེ།    ཟླ་རེར་དུས་བཟང་བཞི་རེ་དང་།  ལྔ་མཆོད་བཞི་མཆོད།  སྨོན་ལམ་རྣམས་གཏོང་བཞིན་པར་ཡོད།   ཨང་སྨོན་སྤྲུལ་སྐུས་དབྱར་གནས་ཀྱང་བཙུགས་སྣང་།ཞེས་གསུངས།

   1887ལོར་ཀུན་མཁྱེན་བླ་མ་སྐུ་ཕྲེང་བཞི་བ་མཆོག་དངོས་སུ་དགོན་པར་ཕེབས་པ་ནས་བཟུང་དགོན་མགོ་དངོས་སུ་བཀྲ་ཤིས་འཁྱིལ་ལ་བཏགས་ཤིང་།    བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་བརྒྱ་དང་བརྒྱད་ཀྱི་ཡ་གྱལ་དུ་འགྱུར།    ཐོག་མའི་ལྷ་སྡེ་བཞི་དང་ཀུན་མཁྱེན་ལྔ་བའི་སྐབས་ལྷ་སྡེ་དགུར་འཕེལ།  ལྷ་སྡེ་དགུ་ད་ལྟ་གྲྭ་བ་ཉི་ཤུ་ལྷག་ཡོད་པ་ལགས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།