དུས་གསུམ་ཉི་འོད་གླིང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-01-16 08:14:14     རྩོམ་པ་པོ།   དགེ་ལུགས་དྲ་བ།     ཀློག་ཐེངས།  

 10.jpg

༄༅།།དུས་གསུམ་ཉི་འོད་གླིང་ནི་ཟི་ལིང་གི་ནུབ་ལམ་ཆེན་མོའི་ཧོང་ཀྱོ་ལམ་༣༥ར་བར་ཡོད་ཅིང་གྲུབ་མཐའ་དགེ་ལུགས་པ་ཡིན།         འདི་ནི་ཆིན་རྒྱལ་རབས་ཀྱི་དུས་སུ་བཞེངས་ཤིང་སྐུ་འབུམ་གྱི་དགོན་ལག་ཡིན། སྔོན་ཆད་འདི་སྐུ་འབུམ་དགོན་པའི་ཟི་ལིང་གི་དོན་སྤྱོད་ཁང་ཞིང་སྐུ་འབུམ་དགོན་པའི་གྲྭ་བ་དག་ཟི་ལིང་དུ་ཕེབས་ན་འདིར་བཞུགས།༡༩༥༨ལོར་འདི་ལྷ་ཁང་གཅིག་དང་གྲྭ་ཤག་༩ཡོད།རྒྱུན་དུ་སྡོད་པའི་གྲྭ་བ་མེད།འདུ་ཁང་ལས་གཞན་བཤིགས། ༡༩༨༥ལོར་སྐུ་འབུམ་དགོན་པས་བསྐྱར་བཞེངས་བྱས།ད་ལྟ་སྐུ་འབུམ་དགོན་པས་ལོ་རེ་བཞིན་དཀོར་གཉེར་བསྐོས་ཏེ་བདག་གཉེར་བྱེད།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          

བརྒྱུད་འགོད།