ཧོར་རན་སྒར་བའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-20 16:18:52     རྩོམ་པ་པོ།   གཡང་འཁྱིལ་འཇིགས་མེད་ལེགས་ཚོགས།    ཀློག་ཐེངས།  

微信图片_20220320162316.jpg

ཧོར་རན་སྒར་བསྟན་དར་གླིང་ནི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ་25ཡི་མཚམས་སུ་ཧོར་རམ་སྡེ་བའི་ནུབ་རིའི་ངོས་སུ་ཆགས་ཡོད་ཅིང་གྲུབ་མཐའ་དགེ་ལུགས་པ་ཡིན།

སྒར་བ་འདི་ཉིད་མདོ་སྨད་ཀྱི་བསྟན་པའི་གསལ་བྱེད་མཁན་ཆེན་དགེ་འདུན་རྒྱ་མཚོས་ཤིང་ཡོས་སྤྱི་ལོ་1735ལོར་ཧོར་རམ་དང་ཆུ་བཟང་།ནིས་ལུང་།ཕྱུག་རི།བིས་རོང་༼དེང་སང་གྱེར་ཐང་དུ་འབོད་༽རྣམས་སུ་གདན་འདྲེན་ཞུ་པ་ལ་རིམ་པར་ཕེབས་ནས་ས་དེ་གའི་མང་ཚོགས་རྣམས་ལ་འདོན་ཆོས་དུ་མ་དང་སྡོམ་པ་འབོག་ཆོག་སོགས་ཀྱི་བློ་ཁ་ཆོས་ལ་བསྒྱུར་བའི་བཀའ་དྲིན་བསྐྱངས།ཧོར་རམ་སྒར་ཐོག་མར་ཁོང་གི་སྒྲུབ་གནས་སམ་བཞུགས་སྒར་ཡིན་ལ།ཁོང་ཉིད་འཇིགས་བྱེད་བསྙེན་ཆེན་ཡང་གནས་འདི་ནས་བཞུགས་པར་གྲགས།

ཕྱིས་སུ་གསར་འདེབས་གནང་བའི་རིམ་གྱིས་རྒྱ་བསྐྱེད་དེ་འདུ་ཁང་དང་བྱམས་ཁང་གྱན་གསུམ་ཅན་དང་མགོན་ཁང་བཅས་བཞེངས་ཡོད་ལ།ཁོང་གི་གཟིམ་ཁང་དང་།གྲྭ་ཤག་བདུན་ཙམ།གྲྭ་གྲངས་བཅོ་ལྔ་ཡར་མར་བཅས་བཞུགས།

རིག་གསར་སྐབས་སུ་གཏོར་བཤིག་ཐེབས་པའི་ཕྱིས་སུ་སྤྱི་ལོ་1981ལོར་ཆོས་ལུགས་སླར་གསོ་སྐབས་སུ་གཡང་འཁྱིལ་དགོན་གསང་སྔགས་དར་རྒྱས་གླིང་དང་མཉམ་བསྲེས་བྱས་ནས་ད་བར་གྲྭ་བ་བཞི་ལྷག་ཡོད།སྤྱི་ལོ་2010ལོར་མཚོ་སྔོན་ཞིང་ཆེན་གནའ་རྫས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་ཚུད་ཡོད་དོ།།

 རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།