འབའ་བདེ་ལྡན་གཞན་ཕན་བསྟན་འཛིན་དར་རྒྱས་ཐེག་ཆེན་བྱམས་པ་གླིང་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-01-13 10:17:19     རྩོམ་པ་པོ།   འཕྲིན་ལས་ཀུན་དགའ།    ཀློག་ཐེངས།  

微信图片_20230113101640.jpg

འབའ་བདེ་ལྡན་གཞན་ཕན་བསྟན་འཛིན་དར་རྒྱས་ཐེག་ཆེན་བྱམས་པ་གླིང་ནི། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་དགོན་པ་ཡིན།  མཚོ་སྔོན་ཡུལ་ཤུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་ཐང་སྐྱིད་སྡེ་བའི་ཆ་གཏོགས་འབའ་ཁོག་མྱི་ངེད་མདའ་རུ་ཆགས་ཡོད།  ཆུ་དམར་ལེབ་རྫོང་མཁར་དང་བར་ཐག་སྤྱི་ལེ་དགུ་བཅུ་ཙམ་ཡོད། 

སྤྱི་ལོ1539ལོར་རྒྱུད་ཆེན་བསམ་འགྲུབ་རྒྱ་མཚོ་མཆོག་གིས་ཕྱག་འདེབས་མཛད་པ་དང་། དེའི་སྐུའི་སྐྱེ་བ་བླ་རྒན་སྐུ་འཁྲུངས་རིམ་བྱོན་གཙོས་འབའ་བླ་སྤྲུལ་རྣམས་ཀྱིས་རྒྱ་བསྐྱེད་མཛད། 

སྤྱི་ལོ1981ཟླ་བ8ཚེས25ཉིན་ཡུལ་ཤུལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་། ལོ་རྒྱུས་སྟེང་འབའ་དགོན་པར་དགོན་ལག་ལྔ་ཡོད། ད་ལྟར་དངོས་སུ་ཆོག་མཆན་ཐོབ་པ་ནི། འབའ་བཙུན་མ་གླིང་བདེ་ཆེན་མཁའ་སྤྱོད་གླིང་ཆོས་ལུགས་ས་ཚིགས་དང་། འབའ་གཏེར་ཆུ་ཆོས་ལུགས་ས་ཚིགས། དམར་ཤུལ་སྡེ་བའི་འབའ་ཐེག་གསུམ་བྱང་ཆུབ་གླིང་བཅས་ཡོད། ཡུལ་ཤུལ་ས་ཡོམས་རྗེས་༢༠༡༠ལོར་འདུ་ཁང་ཆེན་མོ་འདི་ཉིད་དང་ལྷ་ཁང་གཞན་པ་སོགས་བསྐྱར་བཞེངས་འགོ་བརྩམས་ནས་༢༠༡༨ལོར་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་།

ང་བརྒྱད་སྔོན་དུ་གྲྭ་བ་དྲུག་བརྒྱ་ལྷག་དང་། ཡང་དར་ཆོས་སྒོ་ཕྱེ་བའི་རྗེས་སུ་གྲྭ་བ་བརྒྱ་ལྷག་ཡས་མས། དེང་སྐབས་སྤྲུལ་སྐུ་ལྔ་དང་དགེ་བཤེས་གཅིག མཁས་པོ་གཉིས། གྲྭ་བ་ཉིས་བརྒྱ་ཙམ་བཞུགས། ལྷ་སྡེ་སྡེ་བ་བདུན་ཡོད།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།