ཤེའུ་ལུང་བཞུགས་ཁྲི་གོང་འོག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:46:18     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

མང་རར་བཞུགས་ཁྲི་གོང་འོག་གཉིས་ཡོད་ཅིང་། བཞུགས་ཁྲི་གོང་མ་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ33གྱི་མཚམས་ན་ཡོད། ཤར་ཕྱོགས་ནི་ན་རིང་དང་སུལ་རྒན་ལུང་བར་འབྲེལ་ཡོད་ཅིང་། ས་ཡངས་པ་དང་རྩྭ་སྐྱེས་པ་བཟང་། ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་དུས་འཁོར་དབང་ཆེན་ཐོག་མ་གསུང་སའང་གནས་འདི་ཡིན། ད་ལྟ་ཁོང་གི་བཞུགས་ཁྲིའི་སྟེང་དུ་ཐར་ཤུལ་སྡེ་བའི་ལྷ་ཁང་བཞེངས་ཡོད་ལ། དུས་འཁོར་གྱི་དཀྱིལ་འཁོར་སྟེང་དུ་བྱང་ཆུབ་མཆོད་རྟེན་བཞེངས་ཡོད།

བཞུགས་ཁྲི་འོག་མ་ནི་མང་ར་ཡུལ་ཚོའི་ལོ་བ་གོང་མའི་སྡེ་བར་ཡོད་ཅིང་། མདོ་སྨད་ཆོས་འབྱུང་ལས། མང་ཆུ་དང་ཉེ་བ་ཤིང་ལུང་མདོར་ལ་མོའི་ཨུརྒེ་བཟུང་། རྒྱལ་དབང་བདུན་པའི་བཞུགས་ཁྲི་ཡོདཞེས་གསུངས་པ་དེ་ ཤེའུ་ལུང་ལུང་མདོ་རུ་ཡོད། ལ་མོ་ཡོངས་འཛིན་གྱིས་དཔལ་དུས་ཀྱི་འཁོར་ལོ་ཐེངས་རྗེས་མ་གསུངས།

སྤྱི་ལོ1715ལོརལ་མོ་སྐུ་ཕྲེང་གསུམ་པས་་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་འདི་རུ་ཞུས། གནས་འདིར་གདན་དྲངས་ནས་ཁྲི་བརྒྱབ་ཅིང་། ཁོང་གིས་ཚེ་དབང་དང་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་དབང་ལུང་མང་བོ་གནང་། བཞུགས་ཁྲིའི་ཤུལ་ད་ལྟའང་མ་ཉམས་ཙམ་མཐོང་རྒྱུ་ཡོད།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   



[1] བྲག་སྒོམ་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུངཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤ 267

བརྒྱུད་འགོད།