རྡོ་དཀར་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:41:14     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

རྡོ་དཀར་མཚམས་ཁང་ཞེས་པ་མཚམས་ཁང་གྲགས་ཅན་འདི་ཅི་པར་དུ་ཡོད་པའི་མཚམས་ཁང་ཞིག་ཡིན་ལ་འདིར་རྡོ་དཀར་མཚམས་པ་ཡུན་རིང་བོ་བཞུགས་མྱོང་བས་རྡོ་དཀར་མཚམས་ཁང་ཟེར། ཅི་པར་གཞུང་དང་རྡོ་དཀར་ཆུ་གཉིས་འདྲེས་པའི་སུམ་རག་ན་ཡོད་ཅིང་ཨ་མ་སྨན་རི་མའི་རི་རྒྱུད་ཀྱི་རྩེ་མོ་ཡིན། རྡོ་དཀར་ཞེས་པ་ལུང་བ་ཞིག་སྟེ་མཚམས་ཁང་རྡོ་བརྩིགས་ནས་བཟོས་པ་ཞིག་ཡིན། ད་ལྟའང་མཚམས་ཁང་ཡོད་ཅིང་ལམ་འཕྲང་གཅིག་མ་གཏོགས་མེད་པས་བགྲོད་དཀའ།

རྡོ་དཀར་མཚམས་པ་མིང་ལ་འཇམ་དཔལ་རྡོ་རྗེ་ཟེར་ཞིང་གཅན་ཙའི་མི་ཞིག་ཡིན་ལ་ཁོང་རྗེ་བླ་ཁོ་རིན་པོ་ཆེའི་སྒྲུབ་པའི་བཀའ་བབས་ཡིན་པར་བཤད་ཅིང་མཚོ་སྔོན་པོ་ནས་མཚམས་ལ་བཞུགས་དུས་མཁའ་འགྲོ་མས་གནས་འདི་ལུང་བསྟན་པས་མང་རའི་ཡུལ་དུ་ཡོང་ནས་མཚམས་ཁང་འདི་བཟུང་། དུག་སྦྲུལ་ཆེན་པོ་མི་ཆེན་གྱི་དཔུང་བ་ལྟ་བུ་གཉིས་རྒྱུན་དུ་སྒོ་སྲུང་གི་ཚུལ་དུ་ཡོད་པས་མི་བཟང་བོ་མ་གཏོགས་མི་ངན་དག་ནང་དུ་འགྲོ་རུ་མི་འཇུག་པར་བཤད།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          

བརྒྱུད་འགོད།