སྐལ་ལྡན་སྒོམ་ཁང༌།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:40:06     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 སྐལ་ལྡན་སྒོམ་ཁང༌།བྱེ་སྣ་ནས་ཤར་ཕྱོགས་སུ་སྤྱི་ལེ་༤༠ཡས་མས་ཡོད།སྔོན་ཆད་འདིར་ཤར་སྐལ་ལྡན་རྒྱ་མཚོས་སྒྲུབ་པ་ཉམས་བཞེས་གནང་བས་སྐལ་ལྡན་རི་ཁྲོད་དུ་གྲགས།སྔོན་རེབ་ཀོང་གི་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ཕྱོགས་ངེས་མེད་དུ་རི་ཁྲོད་འགྲིམ་དུས་གནས་འདིར་བཞུགས་ནས་སྒྲུབ་པ་ཉམས་ལེན་བྱས་མོད། རྗེས་སུ་ཕྱོགས་ངེས་མེད་ཀྱི་རི་ཁྲོད་པ་གང་མང་ཞིག་འདིར་ཕེབས་ཏེ་སྒོམ་སྒྲུབ་བྱས་མྱོང་།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

བརྒྱུད་འགོད།