མང་ར་བ་སེང་གེའི་རྒྱལ་མཚན་གྱི་སྒྲུབ་ཕུག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:38:50     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

མང་ར་བ་སེང་གེའི་རྒྱལ་མཚན་གྱི་སྒྲུབ་ཕུག་ནི་མང་རྫོང་སུམ་མདོའི་ཡུལ་ཚོ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ3ཙམ་གྱི་ས་ན་ཡོད་ཅིང་མང་ར་བ་སེང་གེ་རྒྱལ་མཚན་ཡུན་རིང་དུ་བཞུགས་པས་ཁོང་གི་སྒྲུབ་ཕུག་ཏུ་གྲགས། མདོ་སྨད་ཆོས་འབྱུང་ལས། མང་རའི་འཇག་རི་སུམ་མདོར་མང་ར་བ་རྒྱལ་མཚན་སེང་གེའི་སྒྲུབ་ཁང་།[1] ཞེས་གསུངས།

གནའ་སྔ་མོ་ཞིག་ལ་འདིར་མཚམས་པ་ཞིག་བཞུགས་ཏེ་ལོ་གསུམ་མཚམས་ལ་བཞུགས། ལོ་གསུམ་ལོངས་པའི་སྐྱ་རེངས་ཤར་ཁར་མདུན་གྱི་ཐང་གཤོང་དུ་ཐོལ་བྱུང་དུ་རུ་ཚོགས་ཤིག་བབས་ནས་རྒན་མོ་ཞིག་གིས་མཛོ་མོ་སྔོན་མོ་ཞིག་བཞོས་ནས་འོ་མས་བཞོ་བསྙལ་ཏེ་འཁྱེར་ཡོང་ནས་ཁོང་ལ་དྲངས་པས་སྐུ་གཤེགས། གཤེགས་ཁར་ཁོང་གིས་ཤངས་ཁྲག་གིས་འདི་ན་བསེན་མོ་ཁྱད་པར་བ་ཞིག་འདུག་ཅེས་གནས་ཚུལ་དེ་ཞིབ་ཏུ་བྲིས།

ཕྱིས་སུ་མང་ར་བ་སེང་གེ་རྒྱལ་མཚན་གནས་དེར་ཕེབས་ནས་སྒོམ་ཁང་དུ་བཞུགས་དུས་ཡི་གེ་དེ་གཟིགས། སྐུ་མཚམས་བཞུགས་ནས་ལོ་གསུམ་ལོན་དུས་སྔོན་གྱི་དེ་བཞིན་བུད་མེད་དེས་ཞོ་དྲངས་པར་ཁོང་གིས་དེ་དག་དམ་ལ་བཏགས་པ་མཁའ་འགྲོ་མ་བརྒྱ་རྩ་ཡིན་ཟེར།

ད་ལྟ་མང་ར་བ་སེང་གེའི་རྒྱལ་མཚན་གྱི་མཚམས་ཁང་གི་མདུན་དུ་ཁང་མིག་ཆུང་ངུ་ཞིག་བཟོས་ཤིང་མང་བོ་ཞིག་དེར་མཚམས་ལ་བཞུགས་བཞིན་པ་དང་གནས་འབྲེལ་འཇོག་མཁན་རྒྱུན་མི་ཆད་པར་ཡོང་བཞིན་ཡོད།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          



[1] བྲག་སྒོམ་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུངཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤ 267

བརྒྱུད་འགོད།