ལམ་དཀར་ལྡིང་མཚམས་ཁང༌།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:38:12     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

ལམ་དཀར་ལྡིང་མཚམས་ཁང༌ཞེས་པ་ནི་སུམ་མདོ་ཞང་ ནུབ་ཕྱོགས་སུ་སྤྱི་ལེ་འགའི་མཚམས་ཀྱི་ལམ་དཀར་ལྡང་ཞེས་པ་སར་ཡོད་ཅིང༌། རྙེ་བློ་བཟང་ཆོས་ཀྱི་ཉི་མ་དགུང་ལོ་ང་བཞེས་པའི་ཚེ་འདི་ཕྱོགས་འདིར་ཕེབས་ཏེ་དཔལ་བེའུ་རིས་སུ་བཞུགས་པའི་གནས་མཆོག་ལམ་དཀར་ལྡིང་དུ་ཁོང་གི་སྤུན་རྭ་རྒྱའི་ཀླུ་རྩེ་ཚང་རྣམ་པ་གཉིས་མཚམས་ཁང་རེ་བྲུས་ཏེ་ལོ་གཅིག་ཙམ་ལ་བཞུགས།

སྐུ་མཚམས་གྲོལ་མ་ཐག་ཀླུ་ཚང་གི་དཔོན་པོ་རྣམས་འདིར་ཡོང་ནས་དགོན་པ་ཞིག་འདེབས་དགོས་པའི་གསོལ་བ་བཏབ། ཁོང་ལའང་སྤྲོ་བ་རྒྱས་ཏེ་དགུང་གྲངས་སོ་དགུ་བསྤྱི་ལོ༡༩༨༡ལོར་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ཕྱག་འདེབས་གནང༌།

དེ་བས་མཚམས་ཁང་འདི་ནི་མཚམས་ཁང་གཞན་དང་མི་འདྲ་བར་མང་རའི་ཕྱོགས་འདིར་རིག་གནས་དང་ཆོས་ལུགས་ཀྱི་གཞི་ཚུགས་པའི་མགོ་བརྩམས་པས་མང་འབའ་བྱ་གསུམ་གྱི་ལོ་རྒྱུས་ཁྲོད་དུ་ཆེས་གནད་ཆེ་བའི་མཚམས་ཁང་ཞིག་ཡིན།     

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          

བརྒྱུད་འགོད།