མང་རའི་ཐོ་ནོ་ཅི་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:37:32     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

微信图片_20180306202808.jpg

                  མང་རའི་ཞབས་དཀར་བའི་མཚམས་ཁང་འདིའི་མིང་ལ་མང་རའི་ཐོ་ནོ་ཅི་མཚམས་ཁང་ཟེར་ཞིང་། མང་ར་ཡུལ་ཚོའི་ན་རིན་སྡེ་བའི་ཐད་ཀར་མང་ཆུའི་ཕ་རོལ་གྱི་བྲག་ངོས་ན་ཡོད།

ས་འདིའི་མི་རྣམས་ཀྱིས་མཚམས་ཁང་འདིར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མཚམས་ཁང་ཟེར། ཞབས་དཀར་བའི་རྣམ་ཐར་ན་ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་ལ་གྲུབ་པའི་དབང་ཕྱུག་པད་མ་རང་གྲོལ་རིན་པོ་ཆེ་ཞིང་གཤེགས་སོང་བས། ཐོ་ནོ་ཅི་ལ་སོང་ནས་གདུང་མཆོད་བཏང་། ཞེས་གསུངས་པ་ལྟར་ན་སྐབས་དེར་པད་མ་རང་གྲོལ་ཟེར་བ་དེ་དེར་སྐུ་གཤེགས་པ་འདྲ།

微信图片_20180306202836.jpg

ད་ལྟ་མཚམས་ཁང་དེ་ན་རིན་ཞེས་པའི་ཁ་ཆེ་སྡེ་བའི་ས་ཐོག་ཏུ་ཡོད་པས་བདག་མེད་དུ་ལུས་ཡོད་ཅིང་དེའི་འདབས་སུ་འཁྱམ་རུའི་སྒར་ཆག་ཡོད།

མཚོ་ལྷོའི་རི་ཆུ་རིག་གནས་ལས་བཤུས།

微信图片_20180306202826.jpg

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

       གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།