མང་རྒན་མང་འགག་གི་སྒྲུབ་ཕུག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:35:31     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 རབ་རྒན་མང་འགག་གི་སྒྲུབ་ཕུག་ནི་རབ་རྒན་སྡེ་བ་ནས་ཤར་དུ་སྤྱི་ལེ་གཅིག་ཙམ་གྱི་རི་སྐྱིབས་སུ་ཡོད་ཅིང་། སྔོན་ཆད་མདུན་དུ་ཆུ་དང་ནགས་ཚལ་ཚང་ཚིང་འཁྲིགས་པའི་གསེབ་ཏུ་བྱ་རིགས་སྣ་ཚོགས་གྲགས་པ་སོགས་གནས་ཡིད་དུ་འོང་། འདི་ནི་མིང་གྲགས་ཆེ་བའི་མཚམས་ཁང་ཞིག་ཡིན་ལ་ཐོག་མར་གནས་འདི་ཨ་ལགས་ཁོ་ནག་གིས་བཟུང་སྟེ་དེ་ནས་བཟུང་ཕྱོགས་མེད་ཀྱི་རྣལ་འབྱོར་བ་གང་མང་ཞིག་བཞུགས་མྱོང་།

1947ལོར་ཤོལ་ཟླ་གཉིས་པར་ལ་མོ་ཡོངས་འཛིན་རིན་པོ་ཆེ་གནས་འདི་ན་འདི་ལྟ་བུའི་མཚམས་ཁང་བྱིན་ཅན་ཞིག་ཡོད་པ་སྔོན་ནས་གསན་པ་བཞིན་འདིར་ཕེབས་ཏེ་ལོ་མ་གྱོན་མ་དང་རིགས་གསུམ་གྱི་བསྙེན་པ་ཟླ་གཅིག་ལྷག་ལ་གནང་བས་སྐབས་དེར་ཕྱོགས་སུ་ཁྱབ་བཞིན་པའི་ནད་ཡམས་མཐའ་དག་ཞི་བར་གྱུར་ཏེ། ཁོང་གི་རྣམ་ཐར་ལས། ཤོལ་ཟླ་གཉིས་པའི་ཡར་ཚེས་ནས་རབ་རྒན་མང་འགག་མཚམས་ཁང་དུ། རྗེ་བཙུན་ལོ་མ་གྱོན་མ་རིགས་གསུམ་གྱི་བསྙེན་པ་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་བར་དུ་གནང་བས། རིམས་ནད་ཀྱི་རྒྱུན་ཆད་པ་སོགས་ལས་བཞིའི་འཕྲིན་ལས་ལ་མངའ་འབྱོར་བའི་མཚན་མ་སྔ་ཕྱིར་མང་དུ་བྱུང་། ཞེས་གསུངས་སོ། །

ད་ལྟ་ལོ་རྒྱུས་ཀྱི་དབང་གིས་མཚམས་ཁང་གི་ཁོར་ཡུག་གི་ཡུལ་ལྗོངས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་སུས་ཀྱང་བདག་མེད་དུ་བསྐྱུར་འདུག

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།