ལ་མོ་བདེ་ཆེན་དགོན་པ།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-05 17:44:01     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

གཅན་ཚ་མདའ་མོ་གཡང་རྫོང་གི་ནང་ཁོག་ཤང་དུ་ཡོད་ཅིང་། རྫོང་ཐོག་ལ་སྤྱི་ལེ༡༥ཡས་མས་ཡོད། ཆིང་གོང་མ་ཁང་ཤཱི་ཁྲི་ལོ་ཉེར་གཅིག་པའི༼སྤྱི་ལོ༡༨༦༢ལོར༽དུ་སུ་བཙུགས་ཤིང་། དེ་ནི་གཅན་ཚ་མདའ་མོ་གཡང་རྫོང་གི་སར་ཆེས་ཆེ་བའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན། 

 ༡༨༥༨ལོའི་ཡར་སྔོན་དུ་དགོན་པ་འདིར་གྲྭ་བཙུན༥༢༢ལས་བརྒལ་བ་ཡོད། དགོན་བདག་བླ་མ་མར་རྒྱའི་སྐད་དུ་པེ་ཧྥོ་བླ་མའམ་བོད་སྐད་དུ་ཞབས་དྲུང་དཀར་པོ་ཞེས་ཞུ་བ་དང་། ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པ་མཆོག་ལ་ཀྲུང་ཧྭ་མིན་གོའི་སྔ་དུས་སུ་ཀུན་མཁྱེན་ཧན་བྱ་བའི་ཆོ་ལོ་བསྩལ་མྱོང་ལ།ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པ་ཚང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཀྲུའུ་རིན་གྱི་འགན་བཞེས་མྱོང་།

   ༡༩༨༠ལོའི་རྗེས་སུ་དགོན་པ་བསྐྱར་འཛུགས་བྱས་ཏེ། ད་ལྟ་ཚོགས་ཆེན་འདུ་ཁང་གཅིག་བཞེངས་ཡོད་དང་གྲྭ་ཤག་བརྒྱ་དང་སོ་དྲུག་ཕུབ་ཡོད། དགོན་པའི་ནང་དུ་ཟངས་དམར་གྱི་སྒྲོལ་མ་དང་ཙན་དན་གྱི་སྒྲོལ་མ།གསེར་གྱི་མཆོད་མེ་དང་སྐུ་ཕྲེང་རིམ་བྱོན་གྱི་གསེར་གདུང་མཆོད་རྟེན་སོགས་རིག་དངོས་མང་པོ་བཞུགས། ལོ་རྒྱུས་སྟེང་དུ་བདེ་ཆེན་དགོན་པར་དགོན་ལག་མང་པོ་དང་སྤྲུལ་སྐུ་མང་པོ་བྱུང་མྱོང་ཡོད་ལ། བཤད་རྒྱུན་ལྟར་ན་ཆེས་མང་བའི་སྐབས་སུ་སྤྲུལ་སྐུ་ལྔ་བཅུ་ང་གཅིག་ལ་སླེབས་མྱོང་ཟེར། ད་སྔ་དགོན་ལག་སོ་གཅིག་ཡོད་པ་སྟེ། ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཐུན་མོང་མ་ཡིན་པའི་བྱེད་སྒོ་རེ་སྤེལ་བཞིན་ཡོད། 
             གསལ་འདེབས།
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།